དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ཆབ་མདོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཟླ་6ཚེས་29ཉིན་ནས་ཟླ་7ཚེས་2ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་བདུན་དུ་ཕེབས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དང་། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས། སྐྱེ་ཁམས་འཛུགས་སྐྲུན། གྲོང་གསེབ་དར་རྒྱས། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཐད་བརྟག་ཞིབ་གནང་བ་རེད།

    རྒྱལ་ལམ་349ལམ་རྒྱུད་དུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་ཡོད། ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་ལམ་རྒྱུད་ཀྱི་གསར་བརྗེའི་ཡུལ་སྐོར་དང་། གྲོང་གསེབ་ཀྱི་ཡུལ་སྐོར། ལོ་རྒྱུས་རིག་གནས་ཀྱི་རྩེར་སོན་ཡུལ་སྐོར་ལམ་ཐིག་བཅས་གཏོད་པ་དང་དེར་སྐུལ་འདེད་གཏོང་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་ལེགས་ཆ་གཅིག་སྡུད་དང་གནད་སྨིན་ཤུགས་འདོན་བྱེད་དགོས། “གནས”བསྐྲུན་ནས་རྣམ་གྲངས་དང་། མ་དངུལ། སྲིད་ཇུས་བཅས་གཅིག་སྡུད་བྱས་ཏེ། ལྟ་སོ་ཡོད་པ་དང་འཚོང་རྒྱུ་ཡོད་པའི་ཡུལ་སྐོར་ཐོན་ཁུངས་དག་ཡུལ་སྐོར་བྱ་ཡུལ་རྩེ་གྲར་གང་མགྱོགས་བསྐྲུན་ནས་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་དགོས། “ཁྱོན”ལ་སྐུལ་ཁྲིད་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ལོ་རྒྱུས་རིག་གནས་ཡུལ་སྐོར་དང་། གསར་བརྗེའི་སློབ་གསོའི་ཡུལ་སྐོར། མི་རིགས་མཐུན་སྒྲིལ་ཡུལ་སྐོར། གྲོང་གསེབ་ཉམས་ལེན་ཡུལ་སྐོར། ལྗང་མདོག་སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ལོ་རྒྱུས་རིག་གནས་དང་གསར་བརྗེའི་ཐོན་ཁུངས་ཀྱི་གྲངས་འཛིན་ཡིག་ཚགས་བཟོ་བ་དང་རིག་ནུས་མངོན་པར་བྱེད་པ། གྲོང་གསེབ་ཀྱི་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི“ཞིང་འབྲོག་མང་ཚོགས་ཀྱི་རྣམ་པ་གསར་པ་གཏོད་པའི”བྱ་སྤྱོད་ཟུང་འབྲེལ་དམ་ཟབ་བྱས་ནས་དཔེ་མཚོན་དང་དཔེ་སྟོན་ཁག་གཅིག་གང་མགྱོགས་གཏོད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་ས་ཆ་ཞིག་ཏུ་སླེབས་རིམ་བཞིན་ཡན་ཅིན་ཧའེ་ཡིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དང་། མཉམ་ལས་ཁང་གཉེར་སྐྱོང་། མང་ཚོགས་ཀྱི་དགོས་མཁོ་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ས་གནས་ས་ཐོག་ཏུ་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་གནང་ཞིང་། ཁོང་གིས་ཁྱད་ལྡན་ཐོན་ཁུངས་གང་འགབ་ཅི་འོས་ཀྱིས་བོད་ཀྱི་གྲོ་དམར་དང་། ར་ནག བོད་ལུགས་གསོ་རིག་དང་བོད་སྨན་སོགས“ཡུལ་ཟོག”འཕེལ་རྒྱས་ཡག་པོ་བཏང་ནས་ནུས་ཆེ་རིམ་སྤོར་དང་སྤུས་རྟགས་ཡག་པོ་བཏོད་དེ། ས་གནས་དེ་གའི་ལེགས་ཆ་དམངས་ཕྱུག་འབབ་འཕར་གྱི“འདེགས་སྐྱོར་ཆེན་པོར”ཏན་ཏིག་སྐྲུན་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་ཏུ་གཡུ་ལུང་ཟངས་གཏེར་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས། སྐྱེ་ཁམས་ཨང་དང་པོར་མུ་མཐུད་མཐའ་འཁྱོངས་བཞག་ནས་ལྗང་མདོག་སྐྱེ་ཁམས་གཏེར་རིའི་དཔེ་སྟོན་ཧུར་ཐག་བྱེད་དགོས་པ་དང་། བདེ་འཇགས་ཀྱི་མཐའ་ཚད་མུ་མཐུད་བསྲུངས་ནས་བདེ་འཇགས་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལས་བཟོའི་བདེ་འཇགས་སློབ་གསོར་ཤུགས་སྣོན། བརྒྱུད་རིམ་གྱི་ཚད་གཞིར་བརྩི་སྲུང་ནན་པོ། མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་དང་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། དམངས་ཕྱུག་ལས་དར་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཡུལ་ཕྱོགས་གཅིག་གི་དཔལ་འབྱོར་ལ་སྐུལ་འདེད་བཏང་ནས་ཡུལ་ཕྱོགས་གཅིག་གི་མི་སེར་ཕྱུག་འགྱུར་ཏན་ཏིག་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཤང་འཕྲོད་བསྟེན་ཁང་དང་། གྲོང་ཚོའི་བུ་བཅོལ་ཁང་གི་སློབ་གསོ་སློབ་ཁྲིད། སློབ་གྲྭའི་གཅིག་སྡུད་དྲོད་རླངས་མཁོ་འདོན་བཅས་ལ་བརྟག་ཞིབ་གནང་སྐབས་ཡན་ཅིན་ཧའེ་ཡིས། སྤྱི་འདོམས་འཆར་འགོད་བྱས་ནས་མང་ཚོགས་ཀྱི“སྒོ་ཁའི”སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་མུ་མཐུད་ཡག་པོ་གཉེར་དགོས་པ་དང་། བཟའ་བཅའི་བདེ་འཇགས་དང་སློབ་གྲྭའི་བདེ་འཇགས་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས། ཕྲུ་གུ་ཚོ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ད་དུང་ཤོ་མདོ་དགོན་དང་རྩེ་དྲུག་དགོན་དུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ་དང་དེ་བཞིན་དགོན་སྡེ་དོ་དམ་གྱི་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་ཐད་བརྟག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།