དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་གྲུབ་འབྲས་སྤེལ་རེས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    ཟླ་6ཚེས་29ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཀྱི་གྲུབ་འབྲས་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རེན་ཝེ་ཡིས་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཚན་ཁག་གི་ཁོངས་མིའི་བརྟག་ཞིབ་བྱས་འབྲས་ཀྱི་སྙན་སེང་ནན་ཏན་ངང་གསན་པ་མ་ཟད། རིམ་པ་བཞིན་དཔྱད་བརྗོད་དང་བླང་བྱ་བཏོན་གནང་ཞིང་། ཚང་མས་ལས་བགོས་འགན་འཁུར་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”སོགས་ཀྱི་བྱ་ཐབས་སྤྱད་དེ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་ཏང་ཀྲི་པུའུ་ཡི་ཆབ་སྲིད་དང་རྩ་འཛུགས་ཀྱི་ནུས་པ་ཆེར་གཏོང་དང་། ལས་གྲྭའི་རྣམ་གྲངས་འོས་སྐུལ་འོས་དཔོད་ཀྱི་ལམ་ལུགས་སྒྱུར་བཅོས། སྤྱི་པའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བུ་ལོན་གྱི་གནད་དོན་ཐག་གཅོད་དང་ཡིག་འབུལ་ཞུ་བཅར་གྱི་ཕུང་གསོག་ཐེབས་པའི་གྱོད་གཞི་ཐག་གཅོད། ལས་གྲྭའི་མ་གནས་ཚོད་འཛིན་སོགས་ཀྱི་ཞིབ་འཇུག་བྱ་གཞིར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་པས། གནས་ཚུལ་ངོ་མ་འཚོལ་ཞིབ་དང་། གནད་དོན་འཚོལ་བཤེར། བསམ་ཕྱོགས་གསེད་བཀྲོལ། བྱ་ཐབས་བཙལ་འཚོལ་བཅས་ལ་ཕན་འབྲས་ཡག་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།