དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

    ཞུས་ཁྲེང་ཚང་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    ཟླ་7ཚེས་2ཉིན་ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་ལྷོ་ཁ་གྲོང་ཁྱེར་དུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་དམིགས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁྲེང་ཚང་ཚོགས་འདུར་ཕེབས་ཡོད་པ་རེད།

    ད་ཐེངས་ཀྱི་ཚོགས་འདུ་ནི་རང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་འཚོགས་པའི་ས་གནས་ས་ཐོག་གི་ཚོགས་འདུ་ཐེངས་དང་པོ་དེ་རེད།

    ལིའུ་ཅང་གིས། གཞི་རིམ་བརྟན་ལྷིང་བྱུང་ན་སྤྱི་ཡོངས་བརྟན་ལྷིང་ཡོང་བ་དང་གཞི་རིམ་བདེ་འཇགས་བྱུང་ན་སྤྱི་ཚོགས་བདེ་འཇགས་ཡོང་ཐུབ། ངོས་འཛིན་མཐོ་རུ་གཏོང་བ་དང་། འདུ་ཤེས་གསར་བརྗེ། བློ་ཁོག་ཆེན་པོས་གསར་གཏོད་བཅས་བྱས་ནས་ལྷུ་ཚིགས་ཞན་ཤོས་ནས་དམ་འཛིན་བྱེད་དགོས། དྲ་མིག་ཏང་རྩ་འཛུགས་ཀྱི་མ་ལག་དང“གཅིག་གྱུར་གཅིག་དང་མཉམ་འབྲེལ་དྲུག”གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དྲ་མིག་ཏང་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་དགོས། དྲ་མིག་གི་སྒྲོམ་གཞི་མགྱོགས་མྱུར་འཐུས་སྒོ་ཚང་དུ་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་ལེགས་སུ་ཧུར་ཐག་བཏང་ནས་དྲ་མིག་གི་གསོན་ཤུགས་འཕེལ་བར་བྱེད་དགོས། གཞི་རིམ་གྱི་སྲིད་ཁྲིམས་སྟོབས་ཤུགས་བསྡུ་སྒྲིལ་བྱེད་མགྱོགས་སུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་གི་ཉེན་རྟོག་པའི་ལས་དོན་བྱེད་ཐབས་གསར་གཏོད་བྱས་ནས་ཆེད་ལས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དམ་འཛིན་བྱེད་དགོས། “དྲ་བ་གཅིག”དང“ལས་སྟེགས་གཅིག”མགྱོགས་མྱུར་མངོན་འགྱུར་ཡོང་བར་བྱས་ནས་མ་ལག་སྦྲེལ་མཐུད་དང་གྲངས་གཞི་མཉམ་སྤྱོད་བྱེད་དགོས། དྲ་མིག་གི་འཁོར་སྐྱོད་ནུས་པ་ཆེ་རུ་གཏོང་བ་དང“ཅན་བདུན”མངོན་འགྱུར་ཡོང་བར་བྱས་ནས་དྲ་མིག་ཅན་གྱི་ནུས་པ་འདོན་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།