དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་རི་རྫོང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-04

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་ཕེབས་ནས་རིག་གནས་དང་ཡུལ་སྐོར་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ཐད་ཡུལ་དངོས་སུ་བརྟག་ཞིབ་གནང་ཞིང་། བསྟན་པ་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་དང་བཅས་པ་སྔ་རྗེས་སུ་ལྷ་རི་བསམ་གཏན་གླིང་དང་། “སྨྲི་ཏི་ཁ་གཡུལ་འགྱེད”ཀྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་། འདོད་འབྱུང་གྲོག་རོང་ཆེ་མོ་བཅས་ལ་ཕེབས་ནས་ཡུལ་དངོས་སུ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་དང་། གསར་བརྗེའི་ཡུལ་སྐོར། མཛེས་ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཡན་ཅིན་ཧའེ་ཡིས། ལྷ་རི་རྫོང་གི་གསར་བརྗེའི་རིག་གནས་ནང་དོན་ཟབ་པས། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བཏང་ནས་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་གང་ལེགས་དང་གསར་བརྗེའི་གཏམ་རྒྱུད་མུ་མཐུད་ཡག་པོ་བརྗོད་དགོས་པ་མ་ཟད། གསར་བརྗེའི་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དུས་རབས་གསར་པའི་གསར་བརྗེའི་རྒྱུན་འཛིན་པ་ཡག་པོ་བྱ་རྒྱུའི་སློབ་གསོ་རྒྱག་པ་དང་སྐུལ་ལྕག་གཏོང་དགོས། ལྷ་རི་རྫོང་གི་རང་བྱུང་མཛེས་ལྗོངས་ཡིད་དུ་འོང་བ་ཞིག་ཡོད་པས། སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་བྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་ནས་མཛེས་ལྗོངས་ཁུལ་འཛུགས་སྐྱོང་ལ་སྐུལ་མ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཏེ་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ཕན་ཚུན་གཞོགས་འདེགས་དང་མཉམ་འདྲེས་མཐུན་སྦྱོར་ཏན་ཏིག་ཡོང་བར་བྱས་ནས་ཡུལ་སྐོར་གྱི་མྱོང་རོལ་ཟམ་མི་ཆད་པར་ལེགས་སྒྱུར་དང་ཡུལ་སྐོར་ལས་རིགས་རིམ་པ་འཕར་བར་སྐུལ་འདེད་གཏོང་དགོས། ལྷ་རི་རྫོང་དུ་རིག་དངོས་ཧ་ཅང་མང་པོ་ཡོད་པས། སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རིག་དངོས་ནང་འདུས་པའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་རིག་གནས་ཀྱི་བསྟན་དོན་ལ་གཞིགས་ཏེ་ལས་ཀ་ཡག་པོ་བསྒྲུབས་ནས་རིག་དངོས་སྤྱོད་གོ་ཆོད་པ་ཏན་ཏིག་བྱས་ཐོག་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

    བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་ལྷ་རི་བསམ་གཏན་གླིང་དུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དང་དེ་བཞིན་དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ་དང་མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་སྐོར་མཁྱེན་རྟོགས་གནང་བ་དང་། དགོན་སྡོད་ལས་བྱེད་པ་དང་དགོན་སྡེའི་གྲྭ་པ་རྣམས་དང་བྱམས་བརྩེའི་སྤེལ་རེས་གནང་བ་མ་ཟད་སྒྲོག་འགྲེལ་ཡང་གནང་བ་རེད། ཁོང་གིས། མེས་རྒྱལ་གྱི་ཁྱིམ་ཚང་ཆེ་མོའི་ནང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ནི་དང་ཐོག་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན། རྒྱ་ཆེའི་གྲྭ་བཙུན་རྣམས་ཀྱིས་རྒྱལ་ཁབ་ཆོས་ལུགས་ལས་ལྷག་པ་དང་། རྒྱལ་ཁྲིམས་ཆོས་ཁྲིམས་ལས་ལྷག་པ། ཆོས་དད་མང་ཚོགས་ནི་དང་ཐོག་སྤྱི་དམངས་ཡིན་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མུ་མཐུད་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་ལ་སློབ་སྦྱོང་ནན་ཏན་དང་བརྩི་སྲུང་ནན་པོ་བྱས་ནས་ཐོས་བསམ་ཉམས་ལེན་དང་། རང་རྟོགས་ངང“ཚད་གཞི་བཞི”ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་དུས་བབ་བཟང་པོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བའི་རེ་བ་ཡོད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།