དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • དབང་ཧའེ་ཀྲོའུ་ཡིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-03

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་སྤེལ་ཚུལ་དང་རྟེན་མཛོད་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་ཉི་མ་བྱེད་སྒོ་ཁག་གཅིག་ལ་ཞུགས་པ་རེད།

    བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་དང་ཉེན་སེལ་དཀའ་སྐྱོར་གྱིས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་བསམ་པའི་ཁྱིམ་གཞིས་སུ་དབང་ཧའེ་ཀྲོའུ་དང་བཅས་པས་འགྲེལ་བཤད་གསན་པ་དང་། དངོས་མཚོན་གློག་བརྙན་གཟིགས་པ། མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་གནང་ནས། རྩ་འཛུགས་ཀྱི་གྲུབ་ཆ་དང་། བྱེད་སྒོ་སྤེལ་ཚུལ། དཔེ་བཟང་བྱས་རྗེས། “བསམ་འདུན་གྱང་དང་། གནད་དོན་གྱང་། བསམ་འཆར་གྱང”བཅས་ཀྱི་ལས་ཀའི་གྲུབ་འབྲས། ཤང་གི་དོན་ཆེན། ཉེན་སེལ་དཀའ་སྐྱོར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ། ཉི་རི་གཞུང་ཤང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། གཞིས་རྩེའི་རྟེན་མཛོད་ཁང་དུ་དབང་ཧའེ་ཀྲོའུ་དང་བཅས་པས་འགྲེམས་ཁང་ཁག་ལ་གཟིགས་སྐོར་གནང་ནས། རྟེན་མཛོད་ཁང་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་དང་དེ་བཞིན་གཞིས་རྩེའི་རང་བྱུང་ས་ཁམས་དང་། མི་ཆོས་རིག་གནས་དང་ལོ་རྒྱུས། དམངས་སྲོལ་རིག་གནས། འཛུགས་སྐྲུན་གྱི་གྲུབ་འབྲས་སོགས་བཀའ་འདྲི་དང་མཁྱེན་རྟོགས་གནང་ནས་འབྲེལ་ཡོད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྣང་ཆེན་དང་། དཔེ་མཚོན་གྱི་བྱེད་ཐབས་དང་བརྩམས་ཆོས་རྩེར་སོན་སྔོག་འདོན་དང་ཁྱབ་གདལ་གཏིང་ཟབ་གཏོང་བ། ལྗོངས་ཡོངས་ཀྱི་ཐོན་ཁུངས་མཉམ་སྤྱོད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཤེས་དཔལ་ལག་ལེན་གྱི་བྱེད་སྒོར་དེ་བས་ཁྱད་ཆོས་ལྡན་པ་དང་དེ་བས་ཡིད་དབང་འཕྲོག་ཤུགས་ལྡན་པ་ཞིག་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཁྱབ་རྒྱ་ཆེ་རུ་གཏོང་བ། རིམ་པ་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་རང་འགུལ་ངང་མཁོ་དགོས་དམངས་ལ་འདྲི་བ་དང་། ཐབས་ཇུས་དམངས་ལ་འདྲི་བ་བཅས་ཧུར་ཐག་བྱས་ཏེ། མང་ཚོགས་ལ་ཞབས་འདེགས་གནད་སྨིན་ཞུ་ཐུབ་པའི་འགན་ལེན་བྱེད་དགོས། བསམ་བློ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པ། དུས་རབས་ཀྱི་སྲོལ་གསར་དར་སྤེལ་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོར་ཧུར་ཐག་ཞུགས་པར་སྐུལ་སློང་རྒྱ་ཁྱབ་དང་ལྕག་སྐུལ་ཧུར་ཐག་བཅས་བྱས་ཏེ། གང་ནུས་དེ་སྒྲུབ་དང་དགེ་མཚན་འདོན་སྤེལ་གྱིས་བདག་གིས་གཞན་ལ་ཕན་འགྱུར་ན། གཞན་གྱིས་བདག་ལ་ཕན་པར་ངེས་པའི་ཤེས་དཔལ་གྱི་སྲོལ་བཟང་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།