དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་ཏང་དབུ་བརྙེས་ནས་ལོ་102འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-03

    ཉེ་དུས། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་ཞིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀང་བྱེད་སྒོར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཝང་ཀང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་དང་ལས་བཟོ་བ་གཞན་དག་གིས་དམར་མདངས་བཀྲ་བའི་ཏང་དར་མདུན་དུ་ཏང་ལ་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་ཤིང་། ཝང་ཀང་གིས། ཀྲུང་གོའི་གསར་བརྗེ་དང་། སྒྱུར་བཅོས། འཛུགས་སྐྲུན་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁ་རབ་དང་རིམ་པ་བླངས་ཡོད། ཏང་ཡོན་ལས་བྱེད་དང་ལས་བཟོ་བ་ཚོས་སྲིད་གྲོས་ལས་དོན་གྱི་དོན་དངོས་ལ་གཞི་བཙུཌ་ཏེ། དུས་རབས་གསར་པའི་རྒྱང་ལམ་གསར་པའི་འགན་འཁྲི་དང་ལས་འགན་ལ་དམིགས་པ་དང་། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ(ཀྲུའུ་ཞིའི་ཚོགས་འདུ)ཡི་བཀོད་སྒྲིག་དང་བླང་བྱར་དམ་པོར་དམིགས་པ། ལྷག་པར་དུ“བླང་བྱ་ཁག་ལྔ”དང“མཐོར་གཏོང་གསར་པ་ལྔའི”དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། ལས་དོན་སྒྲུབ་མཁས་པ་དང་འགན་འཁྲི་འཁུར་ཕོད་པར་དམིགས་པ། རང་འགུལ་གྱི་སྙིང་སྟོབས་དང་མཉམ་སྡེབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཧུར་ཐག་ཞུགས་པ། “ཞབས་འདེགས་ལྔའི”ལས་ཀའི་ཕན་ནུས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སེམས་ནུས་ཡོད་རྒུ་འདོན་པ་དང་། ཞབས་འདེགས་ནུས་ལྡན་ཞུ་བ། དངོས་སྒྲུབ་དང་འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཁྲོད་རྣམ་པ་གསར་པ་དང་། ཉམས་འགྱུར་གསར་པ། བྱས་རྗེས་གསར་པ་བཅས་མངོན་པར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།