དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ།

  •     སྤེལ་དུས།  2023-07-02

    ཟླ་6ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟག་རྩེ་ཆུས་སུ་ཕེབས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ཚེ་སྨོན་གླིང་སྡེ་ཁུལ་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་གནས་ཚུལ་གྱི་ངོ་སྤྲོད་གསན་ནས། དམངས་ཕན་ཞབས་འདེགས་ཞུ་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བཞིན་པ།

    ཟླ་6ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟག་རྩེ་ཆུས་སུ་ཕེབས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་ཏང་ཡོན་རྒན་གྲས་པ་སངས་ཚེ་རིང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ལ་དུས་ཆེན་གྱི་འཚམས་འདྲི་དང་ཟོལ་མེད་ཀྱི་སྨོན་འདུན་ཞུ་བཞིན་པ།

    ● ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་ཏང་རྩ་འཛུགས་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་ཏན་ཏིག་སྐྲུན་དགོས།

    “བདུན་གཅིག”འཆར་ཉེའི་མཚམས་སུ། ཟླ་6ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་སྟག་རྩེ་ཆུས་སུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་གི་ལས་དོན་ལ་བརྟག་ཞིབ་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་བ་རེད། ཁོང་གིས་གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོར་འཛུགས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་ཏང་རྩ་འཛུགས་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་ཏན་ཏིག་བསྐྲུན་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཝུའེ་ཏུང་དང་། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།

    འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཚེ་སྨོན་གླིང་སྡེ་ཁུལ་གྲོང་ལྷན་གྱིས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་འབྱོར་ཐོ་འགོད་པར་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ནས། བཅའ་སྡོད་བྱ་ཡུལ་ཚན་པའི་ཏང་རྩ་འཛུགས་184དང་ལས་ཐོག་ཏང་ཡོན་2100ལྷག་ཙམ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་སྡེ་ཁུལ་གྱི་དང་བླངས་ཞབས་ཞུར་ཧུར་ཐག་ཞུགས་པས། གཞི་རིམ་བཅོས་སྐྱོང་གི་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་སྟེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་གནས་ཚུལ་གྱི་ངོ་སྤྲོད་གསན་ནས་དམངས་ཕན་ཞབས་འདེགས་ཞུ་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་སྔར་བས་ལེགས་སུ་བཏང་སྟེ་ལས་ཀའི་གཙོ་གནད་གཤམ་དུ་སྒྱུར་བ་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་གཏིང་ཟབ་ཤེས་པ། སྲིད་ཇུས་འགྲེལ་བཤད་དང་ཞབས་ཞུའི་ལས་དོན་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་ཡག་པོ་སྒྲུབ་པ་བཅས་བྱས་ནས་སྲིད་ཇུས་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གླིང་ལྔ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་གླིང་ཁའི་དཔལ་འབྱོར་འཚོལ་ཞིབ་དང་འཕེལ་རྒྱས་བཏང་བས། ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་བྱུང་ཞིང་། 2022ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཁེ་གཙང་སྒོར་ཁྲི་100ལྷག་ཙམ་ཟིན་པ་དང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་22000ལྷག་ཙམ་ཟིན་ཡོད་པ་རེད། ཝང་ཅུན་ཀྲེང་གིས་གྲོང་ཚོ་ཨུ་ལྷན་གྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་རྣམ་གྲངས་ས་ཚིགས་འཁྲིས་ཀྱི་གླིང་ཁར་ཕེབས་ནས་ཏང་འཛུགས་སྐྱོང་གིས་གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ལ་ཁྲིད་སྟོན་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་ཐོན་ལས་མཉམ་འདྲེས། མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་དང་སྐྱེ་ཁམས་གླིང་ཁུལ་བཅས་ཟུང་འབྲེལ་ནུས་ལྡན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དོན་དངོས་དང་འཚམ་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཞིང་འབྲོག་པ་དེ་བས་མང་བར་ལས་ཞུགས་ཀྱི་གོ་སྐབས་དང་འབབ་འཕར་གྱི་ཐབས་ལམ་ཡོད་པར་བྱེད་དགོས།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་གསོན་ཉམས་དོད་པའི་དཔེ་མཚོན་དངོས་དང་ཉམས་མྱོང་བཟང་པོའི་ལྕག་སྐུལ་གྱི་ནུས་པ་གང་ལེགས་འདོན་པ་དང་། རང་ཚུགས་རང་དར་དང་དགེ་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་དར་སྤེལ་གཏོང་བ། སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་འགྱུར་ལྡོག་གཏོང་བར་ཚན་རིག་དང་མཐུན་པའི་ཁྲིད་སྟོན། འཕེལ་རྒྱས་ཀྱི་དུས་བབ་དང་རང་འགུལ་ངང་འཚམ་པ། རང་ཉིད་ཀྱི་གནས་བབ་ཡང་དག་འཚོལ་བ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁ་གསལ་ཡོང་བ་བཅས་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ཧུར་ཐག་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གླིང་ལྔ་གྲོང་ཚོའི་ཨུ་ལྷན་དུ་ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་ངོ་བཅར་མང་ཚོགས་ཀྱི་བསམ་འཆར་གསན་ཞིང་། གྲོང་མིས་ཞུས་པའི་ངལ་རྩོལ་ལས་མི་བཀོལ་སྤྱོད་དང་གླ་ཆ་འགྱངས་ཆད་སོགས་ཀྱི་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ནན་ཏན་གནང་ནས། འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ། ཡིག་བསྐུར་ངོ་བཅར་བྱེད་མཁན་མང་ཚོགས་ལ་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་བ་དང་། ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་ཚང་མ་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་རེ་འདུན་དང་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་དེ་བས་འགན་ལེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལས་དོན་ཧྲིལ་པོ་དང་དམག་འཐབ་ནུས་པའི་རྨང་གཞི་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་ཏེ་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་གོ་སྐབས་སུ་བྱས་ནས་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཏང་གིས་གཞི་རིམ་གྱི་ཆབ་སྲིད་ལ་འགོ་ཁྲིད་བྱེད་ནུས་དང་། བསམ་བློར་ཁྲིད་སྟོན་བྱེད་ནུས། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་ལ་འབོད་སྐུལ་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་དང་མངའ་ཁོངས་བརྟན་སྲུང་། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས། དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ་དང་། འཐབ་ས་དང་པོ་དང་མང་ཚོགས་ཀྱི་ཁྲོད་དུ་གཏིང་ཟབ་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་བསམ་འཆར་གཅིག་སྡུད་ཀྱི་གནད་དོན་ལ་དམིགས་པ། སེམས་གནས་ནས་དོན་དངོས་སྒྲུབ་པ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ། དམངས་འཚོར་ཕན་འདོགས་པའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། དམངས་ལ་དྲོ་སྐྱིད་སྦྱིན་པའི་ལས་དོན་ཞིབ་ཚགས་སྒྲུབ་པ། དམངས་ཀྱི་འདོད་བློར་བབས་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ཞབས་འདེགས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་པ། མང་ཚོགས་སྐུལ་སློང་དང་། མང་ཚོགས་སྒྲིག་འཛུགས། མང་ཚོགས་གཅིག་སྒྲིལ་བཅས་སྔར་ལས་ལྷག་པ་བྱེད་པ། མཉམ་སྡེབ་དཔལ་འབྱོར་རྒྱ་སྐྱེད་ཧུར་ཐག་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དང་། དམངས་སྲོལ་རིག་གནས། སྒྲིག་བཀོད་ཞིང་ལས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ཁུངས་སྣ་ཚོགས་ཀྱི་རྒྱུ་རྐྱེན་གཙོ་བོར་སྐུལ་སློང་། ཞིང་པར་འབྲེལ་མཐུད་དང་སྐུལ་ཁྲིད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཀྱི་ཁྱད་ཆོས་དང་། སྤུས་རྟགས་ཀྱི་ཁྱད་ཆོས། ཐོན་རྫས་ཀྱི་ཁྱད་ཆོས། ཞབས་འདེགས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། ཁྱིམ་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་ངུ་དང་འགྱུར་ལྡོག་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་ར་ཆེན་པོ་དངོས་འབྲེལ་ཟུང་འབྲེལ་དམ་ཟབ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་འགྲོ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་པ་སངས་ཚེ་རིང་སོགས་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་སྟེ། ཁོ་ཚོས་དུས་སྐབས་མི་འདྲ་བ་དང་ལས་གནས་མི་འདྲ་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡུན་རིང་ལེགས་སྐྱེས་ཧུར་ཐག་ཕུལ་བར་གུས་བཀུར་ཞུས་པ་དང་འབྲེལ། ཁོ་ཚོ་དང་དེ་བཞིན་ཁོ་ཚོ་བརྒྱུད་དེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་དང་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་རེད། ཏང་ཡོན་རྒན་གྲས་རྣམས་ཀྱིས་མུ་མཐུད་བྱས་རྗེས་བཞག་ནས་གདོང་ལེན་དཔེ་བཟང་གི་སྣེ་ཁྲིད་ནུས་པ་བཏོན་ཏེ་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཉམ་དུ་སྐྲུན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།