དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-01

    ཟླ་6ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་གསུང་བཤད་གནང་བཞིན་པ།

    ● སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་ཏེ་གཞུང་དོན་ཐིང་གི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།

     ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཁོངས་གཏོགས་ཏང་ཀྲི་པུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོར་ཞུགས་པ་རེད། ཁོང་གིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་ཏེ་གཞུང་དོན་ཐིང་གི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་ཞུགས་པ་རེད།

    ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཏང་ཨུད་གསང་གནད་ཅུས་དང་། གཞུང་དོན་ཐིང་དྲུང་ཡིག་ཁྲུའུ། རྒྱུན་ཨུའི་གཞུང་དོན་ཁང་། སྤྱི་ཁྱབ་སྡོད་བྱ་ཁང་བཅས་སུ་ཕེབས་ནས་ལས་བྱེད་ལས་བཟོ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་འབྲེལ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    ཏང་ཀྲི་པུའི་བྱེད་སྒོར་རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཕྱོགས་བསྡུས་ཁྲུའུ་དང་པོའི་བརྟག་ཞིབ་ཁྲུའུ་ཀྲི་པུའི་ཏང་ཡོན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་བློ་མཐུན་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་པ་དང་ཚང་མ་དང་སྤེལ་རེས་གནང་བ་དང་སྦྲགས། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྙིང་བཅུད་ཀྱི་དོན་སྙིང་ཁོང་དུ་ཆུད་པ་དང་དམིགས་ཚད་ལས་འགན་ལ་སྟངས་འཛིན་ནན་པོ་བྱེད་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་ལས་འགན་ཏན་ཏིག་སྒྲུབ་པ། ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ལས་ཀའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པས་བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་སྤེལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་ཀྱིས་གཞུང་དོན་ཐིང་ལས་དོན་གྱི“མཐའ་འཁྱོངས་ལྔའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ལྷག་བསམ་རྣམ་དག་གི་ཆབ་སྲིད་གཤིས་རྒྱུད་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་མཁན་གྱི་དཔེ་བཟང་ལས་ཁུངས་དང་། ཚད་མཐོའི་རང་རྟོགས་ཀྱི་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་དཔེ་བཟང་ལས་ཁུངས། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་སྒྱུར་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་དཔེ་བཟང་ལས་ཁུངས། གནོང་འགྱོད་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་དཔེ་བཟང་ལས་ཁུངས། སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་ཚད་གཞི་མཐའ་འཁྱོངས་ཀྱིས་གཞུང་དྲང་རང་ཚུགས་དང་སྤྱོད་གཙང་གཞུང་དྲང་གི་དཔེ་བཟང་ལས་ཁུངས། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་བློ་བདེ་བ་དང་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་སྐྱོང་ལྗོངས་ཏང་ཨུད་གཞུང་དོན་ཐིང་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས“ཞབས་འདེགས་གསུམ”གྱི་ལས་དོན་ཡག་པོ་སྒྲུབ་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་བརྒྱབ་སྟེ་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་ལྟ་མཁས་པོ་དང་རང་ངོས་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་མཁས་པོ་བྱས་ཏེ་ལས་དོན་ཁག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་ཐུབ་པར་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་བརྒྱབ་སྟེ་འགན་འཁྲི་ནན་ཏན་འཁུར་བ་དང་། གཟབ་ནན་ཞིབ་ཚགས་བྱེད་པ། དངོས་སྒྲུབ་ལ་བརྩི་མཐོང་བྱེད་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་ཡོང་བའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། ལས་ཕྱོད་ཆེ་རུ་གཏོང་བར་ཤུགས་བརྒྱབ་སྟེ་རང་འགན་སྒྲུབ་ཅིང་ལས་ཕྱོད་ལ་སྣང་ཆེན་བྱེད་པ་མཐའ་འཁྱོངས་དང་། སྤུས་ཚད་དང་ཚད་གཞི་མཐའ་འཁྱོངས་བྱེད་དགོས་ལ་དུས་ངེས་ཅན་གྱི་ཕན་འབྲས་ཀྱང་འགན་ལེན་བྱེད་པ། ལག་བསྟར་བྱེད་ནུས་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། འཕྲལ་ཐག་ཆོད་པ་དང་ཁུ་འདུས་ལས་འཕེར་དང་ནུས་ཆེ་ཡོང་བར་བྱེད་དགོས། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་བརྒྱབ་སྟེ་ལས་ཀའི་འགན་འཁྲི་སྔར་བས་ལེགས་སུ་གཏོང་བ་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས། འགན་ནུས་མ་ལག་དེ་བས་བདེ་བླག་ནུས་ཆེ་དང་ལས་ཀའི་སྟོན་ཕྱོགས་དེ་བས་མངོན་གསལ་དོད་པོ་ཡོང་བའི་འགན་ལེན་བྱེད་དགོས། ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་བརྒྱབ་སྟེ་གནས་བབ་མཐོ་པོ་མེད་ཀྱང་སྤྱི་ཡོངས་ལ་བསམ་ཇུས་བྱས་ནས་ཇུས་འདོན་ལས་རོགས་ཀྱི་ནུས་པ་ཧུར་ཐག་འདོན་པ་དང་། ལས་ཀའི་ཉམས་མྱོང་ཕྱོགས་སྡོམ། ཚང་བཤེར་ཆད་གསབ་བཅས་བྱས་ནས་ལས་འགན་ཁག་སྤུས་ཚད་མཐོ་པོས་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་ལས་དོན་སྒྲུབ་པར་ཤུགས་བརྒྱབ་སྟེ་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལས་ཀའི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཐབས་ཇུས་ཚན་རིག་དམངས་གཙོ་དང་། ལག་བསྟར་མཐར་ཕྱིན་ནུས་ལྡན། ལས་སྒྲུབ་ཁྲིམས་མཐུན་ནུས་ཆེ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐུན་སྒྲིལ་དང་། ཛ་དྲག གཟབ་ནན། འཁྲུག་པོ་བཅས་ཀྱི་ལས་ཀའི་རྣམ་པ་ཧུར་ཐག་བཏོད་དེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དྲུང་ཆེའི་འགོ་ཁྲིད་ཚན་ཁག་གིས་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལ་དོ་སྣང་བྱས་ནས་ཚང་མར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་བར་བྱས་ཏེ་དེ་བས་ཡག་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་བྱས་ཏེ། འཇོན་ཐང་ཡོད་མཁན་ལ་ཤེས་ཡོན་གང་ལེགས་ངོམ་ཐུབ་པ་དང་ནུས་པ་གང་ལེགས་འདོན་ཐུབ་པར་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ལག་ལེན་སྦྱོང་བརྡར་དང་ཆེད་ལས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་ཤེས་རྟོགས་དང་། སེལ་བ། ཐག་གཅོད་བཅས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ལས་ཀར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་ཐུབ་པར་བྱེད་དགོས། སྤྱོད་གཙང་བཀའ་བརྩིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རང་བརྩི་དང་། རང་བརྟག རང་གཟབ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་གཤིས་བཟང་བ་དང་། ཀུན་སྤྱོད་ལེགས་པ། གཟུགས་བརྙན་ལེགས་པ་བཅས་ཀྱི་ཏང་ཡོན་ལས་བྱེད་པར་འགྱུར་གང་ཐུབ་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་མཁས་པོ་དང་། འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ཐབས་ཇུས་ལ་སྟངས་འཛིན། འཐབ་རྩོད་ཀྱི་འཇོན་ཐང་སྦྱོང་བ། རྩོད་སྒྲུབ་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་གི་སློབ་སྦྱོང་དང་ལས་ཀའི་སྤྲོ་སེམས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་ཏན་ཏིག་སྒྱུར་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།