དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་པ་མ་ཟད་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ལས་ཐོག་ཏང་ཡོན་གྱི་འཐུས་མིའི་སྣེ་ཁྲིད་ནས་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་དུ་ཕེབས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཏང་ཡོན་གྱི“འབྱོར་ཐོ་འགོད་པ་གཉིས”དང“བདུན་གཅིག”གི་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་པ་རེད།

    དབང་ཧའེ་ཀྲོའུ་དང་བཅས་པ་སྔོན་ལ་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་སུ་ཕེབས་ནས་དང་བླངས་ཞབས་ཞུའི་ལས་དོན་ལ་བརྟག་ཞིབ་གནང་སྟེ། ས་གནས་ས་ཐོག་གི་མང་ཚོགས་དང་དེ་བཞིན་ལས་དོན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མའི་འཚོ་བ་དང་ལས་ཀའི་གནས་ཚུལ་སྐོར་བཀའ་འདྲི་གནང་བ་རེད། དེ་རྗེས་སྡེ་ཁུལ་དུ་ཕེབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་གནང་ཞོར་དུ། བཟའ་བཏུང་དང་ཁྱད་ལྡན་ཐོན་རྫས་ཚོང་མཁན་ཚོང་དུད་འགའ་ཤས་ལའང་འཚམས་འདྲི་གནང་སྟེ་གྲོང་མིའི་འཐུས་མི་6ལ་ཏང་ཡོན་ངོས་འཛིན་རྩིས་ལེན་གྱི“སེམས་འདུན་ཆུང་ངུའི”དངོས་རྫས་སྤྲད་གནང་བ་རེད།

    སྡེ་ཁུལ་གྱི་ཏང་ཡོན་དང་། གྲོང་མི། སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་སོགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་རིང་། དབང་ཧའེ་ཀྲོའུ་ཡིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མར་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་འཚོགས་པ་རེད། ཁོང་གིས་གསུངས་དོན། དེང་གི་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཚང་མའི་བདེ་སྐྱིད་ལྡན་པའི་འཚོ་བའི་ཁྲོད་ནས་རང་རེའི་ཏང་གི་མཁས་མཛངས་ལྡན་ལ་རླབས་ཆེ་བ་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་ཐུབ་པས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དེ་བས་བརྟན་དུ་གཏོང་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ནས་དྲ་མིག་ཅན་དང“གཉིས་ལྡན་དུད་སྦྲེལ”སོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐད་འཕྲིན་ཚོགས་པ་སོགས་གཞི་བརྟེན་དང་ལས་སྟེགས་ཡག་པོ་བཏོད་དེ། མང་ཚོགས་ཀྱི་དགོས་མཁོ་དང་དཀའ་ངལ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། “རྒྱལ་ཡོངས་ཀྱི་སྐད་གཉིས་སློབ་སྦྱོང་གི་ཁྱད་ལྡན་སྡེ་ཁུལ”གྱི་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཁྱིམ་མཚེས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། “འདུ་ཤེས་གསུམ”དང་ལྷག་པར་དུ“ཁྲིམས་སྐྱོང་གི་འདུ་ཤེས”སློབ་གསོ་གཏིང་ཟབ་སྤེལ་ཏེ་མང་ཚོགས་ལ་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་བཅའ་ཁྲིམས་འཚོལ་བ། བཅའ་ཁྲིམས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པ། བཅའ་ཁྲིམས་ལ་བརྟེན་ནས་འགལ་ཟླ་སེལ་བ་བཅས་ཀྱི་གོམས་གཤིས་འཇགས་པར་ཁྲིད་སྟོན་བྱེད་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་རྒྱ་སྐྱེད་གཏིང་ཟབ་བཏང་ནས“བདག་གིས་གཞན་ལ་ཕན་འགྱུར་ན། གཞན་གྱིས་བདག་ལ་ཕན་པར་ངེས”ཞེས་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱེད་དགོས། མང་ཚོགས་ལ་གྲངས་འཛིན་ཅན་གྱི་བྱང་ཚད་དང་རྩལ་ནུས་མཐོ་རུ་གཏོང་རོགས་བྱས་ཏེ་ཚང་མས་རིག་ནུས་མཉེན་ཆས་བཀོལ་སྤྱོད་ཐུབ་པར་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།