དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-29

    ཚེས་27ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་ཚུལ་གྱི་སྙན་སེང་གསན་པ་དང་། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་གནང་བ། གློག་སྤྱོད་མ་གནས་སྔར་བས་དམའ་རུ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི(གནས་སྐབས་ལག་བསྟར)སོགས་ལ་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ནང་ཆད་ལུས་མེད་པར་དོན་འཁྱོལ་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་། རྟག་ཏུ་དོགས་ཟོན། བསླབ་བྱ་དང་ལེན་གཏིང་ཟབ། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ་བཅས་བྱས་ཏེ“བདེ་འཇགས་ཐོན་སྐྱེད་ཐམས་ཅད་ལས་ལྷག་པ་དང་བདེ་འཇགས་འགན་འཁྲི་རི་བོ་ལས་ལྕི་བའི”འདུ་ཤེས་བློ་ལ་བརྟན་པོར་འཆང་བ་དང“དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པ་དང་བྱ་བ་ཐམས་ཅད་སེམས་ལ་འཇོག་པའི”འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན་བྱེད་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉེན་ཁ་བསལ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་དང་། འགྲིམ་འགྲུལ་སྐྱེལ་འདྲེན། མེ་ཟོན་བདེ་འཇགས། བཟའ་བཅའ་དང་སྨན་རྫས། ལས་གྲྭ་འཛུགས་སྐྲུན། ཐོག་བརྩེགས་ཁང་པ་སོགས་གཙོ་གནད་ཁྱབ་ཁོངས་དང་ལྷག་པར་དུ་ཇ་ཁང་དང་ཟ་ཁང་སོགས་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དང་ཆུ་རྩེད་རྩེ་བ་སོགས་ཀྱི་ཉེན་ཁར་ཕྱོགས་ཡོངས་ནས་ཆེད་དོན་བཅོས་སྒྲིག་བྱས་ཏེ་མངོན་མེད་རྐྱེན་ངན་ཆུང་གྲས་ཀྱིས་དོན་རྐྱེན་ཆེན་པོ་བཟོ་རིགས་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད། 

    ཚོགས་འདུར་སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དམའ་རུ་གཏོང་རྒྱུ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་ཁྲོམ་རའི་གསོན་ཤུགས་འཕེལ་བ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཀྱང་རེད། ད་ཐེངས་ཀྱི་ཁ་གསབ་ནང་ས་མཐོའི་ཞིང་འབྲོག་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་ལས་རིགས་དང་། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། མཐོ་གསར་གྲངས་འཛིན་ཐོན་ལས་སོགས་དམངས་འཚོའི་ཐོན་ལས་དང་། ལེགས་ལྡན་ཐོན་ལས། ཁྱད་ལྡན་ཐོན་ལས་བཅས་སྔོན་ལ་འདེམས་རྒྱུ་རེད། ཡིག་ཆ་ལག་བསྟར་བྱས་རྗེས། ལག་བསྟར་གྱི་གོ་རིམ་ནི་ཁེ་ལས་ཀྱིས་རང་མོས་ངང་རང་གནས་སའི་རྫོང(ཆུས)གི་དཔལ་འབྱོར་དང་ཆ་འཕྲིན་ཅན་གཙོ་གཉེར་སྡེ་ཚན་ལ་རེ་འདུན་ཞུ་བ་དང་དེ་རྗེས་རྫོང(ཆུས)གིས་ཐོག་མའི་ཞིབ་བཤེར་དང་ས་གནས(གྲོང་ཁྱེར)ཀྱིས་བསྐྱར་ཞིབ་བྱས་མཐར་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་བཏོན་ཡོད། ཚོགས་འདུའི་ཐོག་སྲིད་ཇུས་ཀྱི་དགོས་གཏུག་རང་བཞིན་དང་ནོར་སྲིད་ཀྱི་ཐེག་ནུས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ་སྤྱིར་བཏང་བཟོ་ཚོང་ལས་རིགས་ཀྱི་གློག་རིན་དམའ་རུ་གཏོང་བའི་སྲིད་ཇུས་ཞིབ་ཕྲ་འདོན་རྒྱུ་ནི་དགོས་གལ་ཧ་ཅང་ཆེ་བས་ངེས་པར་དུ་ལག་བསྟར་བྱེད་དགོས། དྲིལ་བསྒྲགས་རྒྱ་ཁྱབ་དང་། ཚད་གཞི་ཁ་གསལ། ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དུས་ཐོག་ཏུ་རྗེས་སྙེག་དང་འབྲེལ་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག་སྲིད་དོན་བྱ་བ་བདག་སྤྲོད་མི་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད། རིམ་ཁག་སྡེ་ཚན་ཁག་ལ་མཐུན་སྦྱོར་ནུས་ལྡན་བྱས་ཏེ་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་བདག་སྤྲོད་མི་བྱེད་པའི་ལས་དོན་ལ་སྐུལ་འདེད་དང་། དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་ཡག་པོ་བྱེད་དགོས་པ། མཐའ་ཚད་དམ་སྲུང་དང་ལྟ་འདོམས་བྱས་ཏེ་ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་དཀའ་བ་དང་། ལས་དོན་སྒྲུབ་འགོར་བ། འགོར་འགྱངས་ཆེ་བ། ཕར་འགྲོ་ཚུར་འོང་ཐེངས་མང་བྱེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚོགས་འདུར་ད་དུང་མཐའ་སྟོབས་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་ལས་དོན་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞིའི་དུས་འབྲིང་གི་ཚོད་སྐོར་དང་ལེགས་སྒྲིག་ལེགས་གཏོང་ཇུས་གཞི། ཁག་གཉིས་པའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ས་ཁུལ(གྲོང་ཁྱེར)དང་། དཔེ་བཟང་རྫོང(ཆུས) དཔེ་བཟང་ཚན་པ་བཅས་གཏན་འཁེལ། མེ་སྐྱོན་ལས་འཛོལ་བརྟག་དཔྱད་དང་ཐག་གཅོད་གཏན་འབེབས་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།