དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས།

    སྲིད་ཁྲིམས་ཀྱི་དམག་ཧྲག་ལ་ཞུན་བརྡར་སྤྲས་ནས་སྲིད་ཁྲིམས་ཀྱི་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-28

    ཟླ་6ཚེས་26ཉིན་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས་སྲིད་ཁྲིམས་དམག་ཧྲག་ལ་ཞུན་བརྡར་སྤྲས་ཏེ་སྲིད་ཁྲིམས་ཀྱི་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཏང་གི་སློབ་ཚན་ཁྲིད་ནས་ཆེད་དོན་ཟུར་ཁྲིད་གནང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་དགོངས་པ་སློབ་སྦྱོང་དང་། ལྷད་མེད་བླ་སྲོག་གཏོད་པ། དམག་ཧྲག་ཞུན་བརྡར་བཅས་བྱས་ཏེ་སྲིད་ཁྲིམས་ཀྱི་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ་དང་། ཤ་ཁེ་ཆིན་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཅང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་སྤྱོད་དང་དོན་སྙིང་གཙོ་བོར་རྒྱས་བཤད་གཏིང་ཟབ་གནང་སྟེ་ཏང་གི་སྲིད་ཁྲིམས་ལས་དོན་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཆ་ལག་ཚང་བའི་ཕྱིར་དྲན་གནང་བ་རེད།

    ལིའུ་ཅང་གིས་བླང་བྱ་བཏོན་དོན། སྲིད་ཁྲིམས་ཀྱི་དམག་ཧྲག་ཞུན་བརྡར་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་དགོངས་པ་གསར་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཟམ་མི་ཆད་པར་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་བསམ་ཕྱོགས་དང་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན“རྗེས་སུ་རྡུང་རྡེག་གཏོང་བ”ནས“མ་ཐོན་སྔོན་འགོག”བྱེད་པའི་བར་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་དང་། སྤྱི་པའི་བདེ་འཇགས་ལ་དོ་དམ། ཡིག་བསྐུར་ངོ་བཅར་གྱི་ལས་དོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྒྱུར་ཁྲིམས་འཛིན་ནན་པོ་དང་དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་བསྲུངས་ཏེ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་བཅོས་སྒྲིག་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་གཏོད་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།