དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་ལྔ་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་བརྒྱད་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-27

    ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་25ཉིན་ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གི་ཚོགས་འདུ་ཐེངས་ལྔ་པ་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་བཀོད་གཏོང་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ནས་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་དང་ཉེ་དུས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་བླང་བྱ་བརྒྱུད་བསྒྲགས་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་གཙོ་གནད་ལས་འགན་ཡང་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་ཁག་དང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཏང་ཀྲུང་དབྱང་གི་ལས་དོན་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དུ་འགྱུར་བ་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་དངོས་འབྲེལ་བྱེད་པ། ལྟ་བཤེར་དག་ཐེར་ཐད་ཞིབ་བཤེར་དང་དག་ཐེར་ཏན་ཏིག་བྱེད་པ། གཙོ་གནད་ལས་དོན་ཐད་གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱ་རྒྱུར་དམ་འཛིན་བྱེད་པ། དྲིལ་བསྒྲགས་དང་ཆ་འཕྲིན་ལས་དོན་ཐད་ཤུགས་སྣོན་རྒྱག་པ། “ཕྱིར་མིག་ལྟ་བའི”ལས་དོན་གཏིང་ཟབ་དང་ཏན་ཏིག་སྒྲུབ་པ། “བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ། ལས་དོན་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། འབྲེལ་གཏུག་མཛུབ་ཁྲིད་ཚན་པས“དྲི་བ་གཅིག་ལ་ལན་མཉམ་འདེབས”མཐའ་འཁྱོངས་བྱེད་པ། ལས་དོན་སྤེལ་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་སྟངས་འཛིན་བྱེད་པ། ཕྱི་ཚུལ་རིང་ལུགས་མཐའ་དག་འགོག་པ། སེམས་ནུས་གཅིག་སྒྲིལ་དང་ཇུས་ཤུགས་མཉམ་འདོན་བཅས་བྱས་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།