དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དམངས་སྲིད་ཐིང་གི་ལས་བྱེད་ལས་བཟོར་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-27

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་ལྗོངས་དམངས་སྲིད་ཐིང་གི་ལས་བྱེད་ལས་བཟོར་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་རེད།

    ཏང་གི་སློབ་ཚན་དེ《དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས། དམངས་ལ་བརྩེ་བ་འཆང་བའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དམངས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་བྱས་རྗེས་གསར་པ་འཇོག》ཅེས་པ་ཁ་བྱང་དུ་བྱས་ཏེ་ཕྱོགས་བཞིའི་ཐོག་ནས་སློབ་ཚན་འཁྲིད་གནང་བ་རེད།

    ལུའོ་མེ་ཡིས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལྟེ་བའི་དོན་སྙིང་ཁོང་དུ་ཡང་དག་ཆུད་པ་བཅས་བྱེད་དགོས། དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་པོར་སྲུང་བ་དང་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ཏེ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་ཐད་དམིགས་ཚད་ཀྱི་ཕན་འབྲས་དངོས་ཐོན་པ་བྱེད་དགོས། གཙོ་འཛིན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་དང་ལས་འགན་ཆུད་ཟོས་སུ་མི་གཏོང་བར་ལྷག་བསམ་ཟོལ་མེད་ངང་བོད་ཀྱི་དམངས་འཚོ་ཐ་སྐྱོང་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམངས་སྲིད་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།