དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-23

    ཚེས་20ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་དང་ཀྲུའུ་རེན་ཚོགས་འདུ་ཐེངས་བརྒྱད་པ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་། ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་འཇམ་དཔལ་དང་། ལིའུ་པའེ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་བཅས་དང་། ཏང་ཙུའུ་ཡི་ཁོངས་མི་དང་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་བསམ་འཆར་དང་གྲོས་འགོ་དང་དེ་བཞིན་དག་ཐེར་བྱ་ཐབས་ཕྱོགས་བསྡུས་བྱས་ཚུལ་སྐོར་གྱི་སྙན་ཞུར་ཞིབ་འཇུག་བྱས་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པའི་གྲོས་འགོའི་གྲོས་རིམ་ལ་ཞིབ་འཇུག་བྱས་པ་རེད། གྲོས་འགོའི་གྲོས་རིམ་ནང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་རྒྱུ་དང་། 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ། 《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག(དག་བཅོས་འཆར་ཟིན་གསུམ་པའི་གྲོས་ཞིབ་མ་ཟིན)》ལ་གྲོས་ཞིབ་བྱེད་རྒྱུ། 2022ལོའི་རིམ་པ་འདི་གའི་ནོར་སྲིད་མཇུག་རྩིས་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་2023ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི(འཆར་ཟིན) སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུ་དང་2022ལོའི་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་དེ་མིན་གྱི་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། འགོ་ནད་སྔོན་འགོག་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་འཛུགས་སྐྱོང་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་ཞུར་གྲོས་ཞིབ་དང་སྦྲགས་ཆེད་དོན་འདྲི་རྩད་བྱེད་རྒྱུ། ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལས་དོན་སྤེལ་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ།ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་འགན་ནུས་ཁྲིམས་ལྟར་ལག་བསྟར་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། 《བོད་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་གནས་ཚུལ་གྱི་ཆེད་དོན་བརྟག་ཞིབ་སྙན་ཞུར་གྲོས་ཞིབ་བྱེད་རྒྱུ། འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་དང་དེ་བཞིན་སྤྱི་བསྒྲགས(མ་ཟིན)ལ་གྲོས་ཞིབ་བྱེད་རྒྱུ། གོ་གནས་བསྐོ་འཐེན་གྱི་གྲོས་གཞིར་གྲོས་ཞིབ་བྱེད་རྒྱུ་སོགས་ཀྱི་ནང་དོན་ཡོད་པ་རེད།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ཉན་པ་དང་འབྲེལ། སྲོལ་ཡིག་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་ལ་འབུལ་རྒྱུར་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་ཁུལ་ཡོ་བསྲང་བཅའ་ཁྲིམས>ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུའི》གྲོས་ཞིབ་བསམ་འཆར་ཉན་ནས། ཚོགས་འདུའི་བསམ་འཆར་ལ་གཞིགས་ནས་བཟོ་བཅོས་བྱས་རྗེས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་ལ་ཞིབ་འཇུག་སྒྲུབ་གཉེར་བྱེད་པར་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།