དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།   |     སྤེལ་དུས།  2023-06-21

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆབ་སྲིད་ཀྱི་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་མུ་མཐུད་བཅོས་སྒྲིག་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ལ་སྲུང་སྐྱོང་། ཆུ་དཔོན་དང་། མཚོ་དཔོན། ནགས་དཔོན་བཅས་ཀྱི་ལམ་ལུགས་དོན་འཁྱོལ་སོགས་གཙོ་གནད་རྣམ་གྲངས་དང་ལས་འགན་ལ་དམིགས་ཏེ། ཞིབ་ཕྲའི་གནད་སྨིན་རྒྱུན་རྣམ་གྱི་ལྟ་སྐུལ་ལ་བརྟེན་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། “སྐྱེ་ཁམས”རྒྱུན་གཏན་ལྟ་སྐུལ་གྱི་གཙོ་གནད་དུ་བརྩིས་ནས། སྐོར་གཟིགས་ལྟ་སྐུལ་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཙོ་འགན་འཁུར་མཁན་གྱི་འགན་འཁྲི་བསྒྲུབས་ཚུལ་ལ་དམིགས་ནས་མངགས་གཏོང་སྒྲིག་གཞི་ཁག་གི་ཉེ་བཅར་ལྟ་སྐུལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་རྣམ་ཅན་གྱི་བར་ཐག་ཉེ་མཐོང་ཅན་གྱི་ལྟ་སྐུལ་ལ་བརྟེན་ནས་གནད་དོན་གནད་སྨིན་ངང་ཤེས་རྟོགས་དང་དག་ཐེར་ལ་སྐུལ་འདེད་གཏོང་དགོས། “སྣེ་གཉིས་ལ་དམ་འཛིན་གྱིས་དབུས་ལ་སྐུལ་ཁྲིད་བྱེད་པ”མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་ལག་བསྟར་བྱས་ཏེ་གདམ་ག་དང་། འཐེན་སྐུམ། འགྱུར་བ་གཏོང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐད་སྟོབས་ཤུགས་གཅིག་སྡུད་ཀྱིས་དཔེ་མཚོན་ལ་དམ་འཛིན་དང་ད་ལྟ་སྤྱོད་བཞིན་པར་དམ་འཛིན་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་སྤྱོད་ཚུལ་གྱི་གནད་དོན་མཐའ་གཅིག་ཏུ་དོགས་ཟོན་དང་ཡོ་བསྲང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།