དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྙན་སེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར་ལྗོངས་ཏང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་སྙན་སེང་ཚོགས་འདུ་འཚོགས་ཤིང་། སྙན་སེང་ཚོགས་འདུ་འཚོག་དོན་ནི་ལས་དོན་ལ་ཕྱོགས་སྡོམ་དང་། ཉམས་མྱོང་སྤེལ་རེས། ལས་འགན་བཀོད་སྒྲིག་བཅས་བྱ་ཆེད་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་ལས་ཁང་དང་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་གཉིས་པ་ཚོགས་འདུར་མཛུབ་ཁྲིད་ལ་ཕེབས་ཡོད།

    ལའེ་ཅའོ་ཡིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྗོངས་ཏང་ཨུད་རྩ་འཛུགས་པུས་རྩ་འཛུགས་ཀྱི་སྐུལ་སྤེལ་བ་ཡག་པོ་བྱས་ཡོད་ལ། ལག་ལེན་གྱི་ཁྲིད་སྟོན་པ་ཡང་ཡག་པོ་བྱས་ཤིང་། ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

    ལའེ་ཅའོ་ཡིས་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚད་ཤིང་གཏོད་པ་དང་མིག་དཔེ་ཡག་པོ་འདོན་པའི་ཐད་ཤུགས་བརྒྱབ་ནས། ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”དང“ཕུའུ་ཅང་གི་ཉམས་མྱོང”ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། “ཚད་ཤིང་འཛུགས་པ་དང་། ཚད་ཤིང་དང་སྡུར་བ། ཚད་ཤིང་དུ་སླེབས་པ”བཅས་ཀྱི་ལས་དོན་སྒྲུབ་སྟངས་བེད་སྤྱད་དེ་ལས་དོན་གྱི་བསམ་ཕྱོགས་དང་བྱེད་ཐབས་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པ་དང་། སློབ་སྦྱོང་གཏིང་ཟབ་དང་བྱང་ཚད་མཐོ་རུ་གཏོང་བའི་ཐད་ཤུགས་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་མ་རྩོམ་ལ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱེད་པ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་། ཕན་ཚུན་ཟུང་འབྲེལ་བྱས་ནས་གོ་བ་ལེན་པ། ཤེས་སྦྱོར་གཅིག་མཐུན་གྱིས་བེད་སྤྱོད་བཅས་བྱེད་དགོས། གནས་ཚུལ་དངོས་གསལ་རྟོགས་དང་ཐབས་ཇུས་གནད་འཁེལ་འདོན་པའི་ཐད་ཤུགས་བརྒྱབ་ནས་གཏིང་ཟབ་པ་དང་། རིན་ཐང་ལྡན་པ། ཕན་འབྲས་དངོས་ལྡན་པ་བཅས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ཤུགས་བརྒྱབ་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་སྤུས་ཚད་མཐོ་བའི་རྩ་འཛུགས་ཀྱི་ལས་དོན་ལ་བརྟེན་ནས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་ཐད་ཤུགས་བརྒྱབ་ནས། ཏང་ཡོན་གྱི་ཁྱིམ་གཞིས་དང་། ལས་བྱེད་པའི་ཁྱིམ་གཞིས། ཤེས་ལྡན་པའི་ཁྱིམ་གཞིས་བཅས་སུ་དངོས་འབྲེལ་འགྱུར་བར་བྱེད་དགོས། འཛེམ་མེད་དམར་འདོན་དང་དངོས་བཤེར་དངོས་སྒྱུར་ཐད་ཤུགས་བརྒྱབ་ནས། དག་ཐེར་ཏན་ཏིག་བྱེད་པ་དང་ལམ་སྲོལ་ཡག་པོ་བཟོ་དགོས། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ནན་དུ་གཏོང་བའི་ཐད་ཤུགས་བརྒྱབ་ནས། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལེའུ་ཡག་པོ་བརྩམ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།