དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་2023ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་བསྡུར་ལས་དོན་ལ་སྐོར་གཟིགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

     ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་དུ་ཕེབས་ནས། ས་གནས་ས་ཐོག་ཏུ་རང་ལྗོངས་ཀྱི་2023ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་བསྡུར་ལས་དོན་ལ་སྐོར་གཟིགས་གནང་བ་དང་། རྒྱུགས་ཤོག་ལ་དཔྱད་བསྡུར་བྱེད་མཁན་དགེ་རྒན་དང་ལས་དོན་པར་འཚམས་འདྲི་གནང་བ་རེད།

    སྐོར་གཟིགས་ཚོགས་ཆུང་གིས་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་དཔྱད་བསྡུར་ལས་དོན་གྱི་གྲ་སྒྲིག་དང་། སྤྱིའི་འཕེལ་རིམ། སྤུས་ཚད་ལྟ་སྐུལ་ཚོད་འཛིན། གསང་སྲུང་བླང་བྱ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་མ་ཟད། རྒྱུགས་ཤོག་དཔྱད་བསྡུར་བྱ་ཡུལ་གྱི་ལས་དོན་སྤེལ་ཚུལ་ལ་ལྟ་ཞིབ་གནང་བ་དང་འབྲེལ་རྒྱ་ཡིག་དང་། བོད་ཡིག རང་བྱུང་ཚན་རིག་གི་རྩིས་རིག དངོས་ཁམས་སོགས་རིག་ཚན་གྱི་རྒྱུགས་ཤོག་ལ་དཔྱད་བསྡུར་བྱེད་མཁན་དགེ་རྒན་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་མ་ཟད། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པའི་རྒྱུགས་ཤོག་དཔྱད་བསྡུར་དོ་དམ་དང་རྒྱུགས་ཤོག་ལ་དཔྱད་བསྡུར་བྱེད་མཁན་དགེ་རྒན་གྱི་གཟབ་ནན་ཞིབ་ཚགས་ཀྱི་ལས་ཀའི་རྣམ་འགྱུར་ལ་ཁས་ལེན་གང་ལེགས་གནང་བ་རེད།

    སྐོར་གཟིགས་ཚོགས་ཆུང་གིས་རྒྱུགས་ཤོག་དཔྱད་བསྡུར་གྱི་ལས་ཀའི་གོ་རིམ་ཚད་ལྡན་དུ་བཏང་ནས་སློབ་གསོ་པུའི་འབྲེལ་ཡོད་རྒྱུགས་ཤོག་དཔྱད་བསྡུར་གྱི་བླང་བྱ་དང་། སྐར་གྲངས་དཔྱད་བསྡུར་གྱི་དཔྱད་གཞི། སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་དང་དེ་བཞིན་དྲ་ཐོག་གི་རྒྱུགས་ཤོག་དཔྱད་བསྡུར་གྱི་བཀོལ་སྤྱོད་བརྒྱུད་རིམ་བཅས་ལ་གཞིགས་ནས། ཞིབ་བཤེར་ཞིབ་ཚགས་པོ་བྱེད་པར་ཤུགས་སྣོན་དང་བཀོལ་སྤྱོད་གོ་རིམ་ཚད་ལྡན་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།