དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་ལིའུ་ཨའེ་ལི་བཅས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་འཇོག་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ཚོགས་འདུ་མ་འཚོག་གོང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལིའུ་ཨའེ་ལི་བཅས་པ་དང་མཇལ་འཛོམས་གནང་བ་དང་ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ཡན་ཅིན་ཧའེ་དང་ལིའུ་ཨའེ་ལི་ཡིས་གྲོས་མཐུན་འཇོག་པར་ཐུན་མོང་ཐོག་དཔང་པོ་བྱས་ཤིང་། ཟླ་བ་ཚེ་རིང་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། ཝེ་ཤིའུ་ཁྲང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    དུས་ཡུན་རིང་པོའི་ནང་། ཀྲུང་གོ་སྦྲག་སྲིད་ཚོགས་པས་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་མཐོ་ཚད་ཐོག་ལངས་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནང་རང་འགུལ་ངང་ཞུགས་པ་དང་ཞབས་འདེགས་ཞུས་པ། དེ་བས་དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་དེ་བོད་རང་སྐྱོང་ལྗོངས་དང་མཉམ་ལས་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཡོད།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ལྷག་པར་དུ་2016ལོར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཚུན། ཀྲུང་གོ་སྦྲག་སྲིད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་བཞུགས་མོལ་དང་འབྲེལ་མཐུད་ཐེངས་མང་བྱས་ནས་ཕྱོགས་གཉིས་པོས་གཏན་འཁེལ་བཀོད་སྒྲིག་བྱས་པ་དག་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་ཡོད། མཉམ་ལས་སྔར་བས་ཟབ་ཏུ་བཏང་སྟེ་དེ་བས་དམ་ཟབ་དང་དེ་བས་བརྟན་པའི་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་འཛུགས་པ་དང་། གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཕྱོགས་གཉིས་པོའི་དབར་གྲོས་མོལ་གཅིག་མཐུན་བྱུང་བ་བརྒྱུད། 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་འཐབ་ཇུས་མཉམ་ལས་གྲོས་མཐུན》ཞིབ་འཇུག་བྱས་ནས་བཟོས་ཡོད། རེས་སྐོར་གསར་པའི་གྲོས་མཐུན་ལ་བསྡོམས་ལེའུ་4དང་དོན་ཚན་15ཡོད་པ་དེས“དོན་ཆེན་བཞིར”གཙོ་གནད་དམིགས་པ་དང“འཛུགས་གཏོད་བཞིར”དམིགས་ནས་ཡོངས་ཁྱབ་ཞབས་འདེགས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣེ་མང་དངུལ་རྩའི་ཞབས་ཞུའི་མ་ལག་མཉམ་དུ་བཟོ་བ། ཟོག་འགྲེམས་མ་ལག་གི་འཛུགས་སྐྱོང་དང་བཀོལ་སྤྱོད་ལ་ཤུགས་སྣོན། གྲོང་གསེབ་ཀྱི་འཛད་སྤྱོད་རིམ་སྤོར་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་བ། སྦྲག་སྲིད་སྲིད་དོན་ཞབས་ཞུར་ཞུགས་པའི་ལས་ཕྱོད་ཆེ་རུ་གཏོང་བ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་པར་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ནང་དོན་གཙོ་བོ་ཁ་གསལ་བཟོས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།