དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་བཞེད་དོན་གཙོ་བོའི་གླེང་སྟེགས་འཚོགས་པ།

    ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ·ཏི་སྨིར་ཤིས་ནཱ་དང་། ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ལེན་དབྱི་མིན། ཆེ་དགྲ་ལྷ་བཅས་ཞུགས་པ་དང་། པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་གིས་གཏམ་བཤད་གནང་བ། ཝང་ཅུན་ཀྲེང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-19

    ཟླ་6ཚེས་17ཉིན། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་བཞེད་དོན་གཙོ་བོའི་གླེང་སྟེགས་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ།

    ཚེས་17ཉིན། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་བཞེད་དོན་གཙོ་བོའི་གླེང་སྟེགས་ལྷ་སར་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས“དུས་རབས་གསར་པ་དང་། འགོ་འཛུགས་ས་གསར་པ། གོ་སྐབས་གསར་པ་བཅས་ལ་བརྟེན་ནས‘ཁུལ་གསུམ་དང་མཐོ་ས་གཅིག’འཛུགས་སྐྲུན་ལ་སྒུལ་ཤུགས་བསྣན་ཏེ་རྣམ་པ་གསར་པ་གཏོད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། མཛེས་སྡུག་ལྡན་པའི་ཕུགས་འདུན་ཐུན་མོང་ཐོག་དོན་གཉེར་བཅས་བྱས་པ་རེད།

    ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ·ཏི་སྨིའར་ཤིས་ནཱ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པའི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཐང་ཀའི་གཞུང་ཚབ་ཆེ་མོ་བ་ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་དང་ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེན་དབྱི་མིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་བཅས་ཞུགས་ཡོད་པ་རེད། མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའི་པུའུ་ཀྲང་པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་གིས་གཏམ་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་བྱ་གཞག་ཁག་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་བྱུང་བ་དང་ཕན་འབྲས་གསར་པ་ཐོན་ཡོད། མིག་སྔའི་བོད་དུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱུང་ནས། ཡང་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་གསོན་ཤུགས་ཀྱི་དཔལ་འབར་བའི་རྣམ་པ་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འཕེལ་རྒྱས་གསར་པ་དང་གོ་སྐབས་གསར་པ་མཉམ་དུ་སྤྱོད་དགོས། གོ་སྐབས་གསར་པ་མཉམ་དུ་སྤྱོད་པར་བོད་ཀྱིས་སྒོ་དབྱེའི་མཉམ་ལས་ལས་སྟེགས་བཏོད་དེ་ནང་འདྲེན་ཕྱི་འབྲེལ་དང་གྲོགས་པོ་རྒྱ་ཁྱབ་སྒྲིག་རྒྱུ་མཐའ་འཁྱོངས་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་དང་རང་འགུལ་ངང་སྦྲེལ་མཐུད། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞུགས་པ་བཅས་བྱས་ནས་བོད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཏུ་སྐྲུན་དགོས། གོ་སྐབས་གསར་པ་མཉམ་དུ་སྤྱོད་པར་བོད་ཀྱིས་དེ་བས་འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་ཁྲོན་བོད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་དང་། གྲོང་ཁྱེར་གསར་སྒྱུར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་ལེན་ཡག་པོ་བསྟར་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས། གོ་སྐབས་གསར་པ་མཉམ་དུ་སྤྱོད་པར་བོད་ཀྱིས་དེ་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་བཏོད་དེ“མི་ཚང་མ་མཉེན་པའི་ཁོར་ཡུག་ཡིན་པའི”འདུ་ཤེས་བཅངས་ནས་སྲིད་གཞུང་གི་འགན་ནུས་མགྱོགས་པོ་སྒྱུར་བ་དང་། ཁྲིམས་ལྟར་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཁྲོམ་རའི་དྲང་གཞག་འགྲན་རྩོད་ཀྱི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཞིག་གཏོད་དགོས། གོ་སྐབས་གསར་པ་མཉམ་དུ་སྤྱོད་པར་བོད་ཀྱིས་ཕུལ་བྱུང་ཤེས་ལྡན་པའི་གཟེངས་སུ་ཐོན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་བཏོད་དེ་ཤེས་ལྡན་པའི་ས་ཁུལ་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་དང་། “གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་ཚགས”བཅས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས། བོད་ཀྱི“ཤེས་ལྡན་པའི་ལས་དོན་གྱི་དོན་ཚན་བཅུ་དགུ་པའི”བྱ་ཐབས་དོན་འཁྱོལ་ཡག་པོ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་བྱ་གཞག་ཁག་ཤེས་ལྡན་པར་བརྟེན་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་དང་ཤེས་ལྡན་པ་གངས་ལྗོངས་ས་མཐོའི་འཕེལ་རྒྱས་ལ་ཞུགས་པར་བརྟེན་ནས་མི་ཚེའི་ངོ་མཚར་གཏོད་དགོས། གོ་སྐབས་གསར་པ་མཉམ་དུ་སྤྱོད་པར་བོད་ཀྱིས་མཐུན་སྒྲིལ་གྱི་སྤྱི་ཚོགས་རྣམ་པ་བཏོད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་མཐུད་སྤེལ་ཏེ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་རེད་ལ། མངོན་མེད་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད། ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་མཐའ་འཁྱོངས། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ། རྩྭ་ཐང་། བྱེ་ཐང་། གངས་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས། ལྷོ་རི་བྱང་རི་སྔོ་འགྱུར་སོགས་སྐྱེ་ཁམས་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྐྱེ་ཁམས་ཤེས་དཔལ་གྱི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་གྲོན་ཆུང་གོང་དུ་བཀུར་བ་དང་ཐཱན་ཉུང་གི་འཚོ་བ་སྐྱེལ་བར་ཁྲིད་སྟོན་བཅས་བྱས་ནས་འཚོ་བ་སྐྱིད་པོ་ཡོང་བ་དར་སྲོལ་བཟང་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན་པས། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་འབྲེལ་བ་སྣ་ཚོགས་ལ་སྟངས་འཛིན་དང་ཐག་གཅོད་ཡང་དག དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ཚོང་པ་ནུས་རྒྱུ་གསར་པ་གསར་སྤེལ་ལ་མ་རྩ་འཇོག་པ་དང་། ནུས་རྒྱུ་གཙང་མའི་ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་གཏོང་བ། ནུས་རྒྱུ་གསར་པའི་ཐོན་ལས་ཀྱིས་མགྱོགས་ནས་མྱུར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ང་ཚོ་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་དགའ་བསུ་ཚད་མེད་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ལག་གདང་སྦྲེལ་ནས་མཉམ་དུ་མཛེས་སྡུག་གཏོད་པ་དང་མཉམ་ལས་བྱས་ནས་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་ཤིང་། ཁོང་གིས་སྐུ་མགྲོན་དང་གྲོགས་པོ་ལྷན་རྒྱས་ཀྱིས་རང་རང་སོ་སོའི་ལྟ་ཚུལ་ལྷུག་པོར་གླེང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་གཅིག་སྒྲིལ་དང་ཐབས་འདོན་ཇུས་འབུལ་བྱེད་པ་དང་ཆབས་ཅིག་སྐུ་མགྲོན་དང་གྲོགས་པོ་རྣམ་པ་བོད་དུ་མང་ཙམ་སྐྱོད་པ་དང་ལྟ་བར་ཕེབས་ནས་བོད་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་རྣམ་པ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས། མཛེས་སྡུག་ལྡན་ལ་ངོ་མཚར་ཆེ་བའི་ཡུལ་ལྗོངས་བཅས་ལ་དངོས་སུ་མྱོང་རོལ་བྱས་ཏེ། བོད་ལྗོངས་དྲིལ་བསྒྲགས་ཧུར་ཐག་དང་བོད་ལྗོངས་ངོ་སྤྲོད་བྱས་ནས་འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ལེགས་པ་དང་བོད་འཛམ་གླིང་ཕྱོགས་སུ་མགྱོགས་མྱུར་སྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཧན་གོའི་གྲོས་མིའི་འཐུས་མི་ཚོགས་པའི་ཚོགས་གཙོ་ཏུའུ་ཀྲུང་ཧོན་དང་། ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཝང་ཅིན་ཧྥུའུ། རྒྱལ་ཁབ་ནུས་རྒྱུ་མ་དངུལ་ཚོགས་པའི་ཏུང་ཧྲི་ཀྲང་ལིའུ་གོ་གཡོད། ཀྲུང་གོ་ཡུལ་སྐོར་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཁྲེན་ཡན། གོ་ལ་ཧྲིལ་པོ་ཅན་གྱི་ཇུས་འདོན་ཚོགས་པའི་ཀྲུའུ་རེན་གཞོན་པ་ཏ་ཝེ·པུའུ་ལེར། ལུང་ཅི་ལྗང་ནུས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲུང་པའོ་ཧྲེན། ཕན་ཧྲི་ཚོགས་པ་གསར་འཛུགས་མཁན་དང་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ཐན་ཉིང་། གོ་ཤོན་ཚན་རྩལ་མཐོ་བའི་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་སུན་ཨའེ་མིང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཡའོ་ཐན་ཏུང་སོགས་ཀྱིས་གཏམ་བཤད་སྤེལ་བ་རེད། གཏམ་བཤད་སྤེལ་རིང་ཚང་མས་རང་སོ་སོའི་ཁྱབ་ཁོངས་ལ་གཞི་ཚུགས་པ་དང་བོད་ཀྱི་འཕེལ་རྒྱས་ལ་གཞིགས་ཏེ། རིག་གནས་སྤེལ་རེས་མཉམ་ལས་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་གཏོད་པ། ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ཐད་ལ་དམིགས་ནས་གྲུབ་འབྲས་མཉམ་སྤྱོད་དང་། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྡུད་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།