དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་སྟོན་གྱི་སྒོ་ཕྱེ་བ།

    ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ་·ཏི་སྨིར་ཤིས་ནཱ་དང་། པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨར་ཏེང་། ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ལན་དབྱི་མིན། ཆེ་དགྲ་ལྷ། ཝང་ཅུན་ཀྲེང་། ཡན་ཅིན་ཧའེ་དང་བཅས་པས་ལྷན་དུ་འགྲེམས་སྟོན་ལ་སྐོར་གཟིགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-19

    ཟླ་6ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་སྟོན་གྱི་སྒོ་དངོས་སུ་ཕྱེ་ཞིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།

    ཟླ་6ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་སྟོན་གྱི་སྒོ་དངོས་སུ་ཕྱེ་ཞིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།

    ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་འགྲེམས་སྟོན་གྱི་སྒོ་དངོས་སུ་ཕྱེ་བ་རེད།

    ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ་·ཏི་སྨིར་ཤིས་ན་དང་། མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའི་པུའུ་ཀྲང་པཱ་ཐེ་ཝུའུ་ལི་ཅི·པཱ་ཐེར་ཏེང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པའི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཐང་ཀའི་གཞུང་ཚབ་ཆེ་མོ་བ་ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་དང་ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིན་དབྱི་མིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་བཅས་པས་ལྷན་དུ་གཟིགས་སྐོར་གནང་བ་རེད།

    འགྲེམས་སྟོན་ཁང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གཙོ་རྐང་དུ་བྱས་ནས་ཀྲུང་དབྱང་གི་ཐུགས་ཁུར་དང་། བོད་སྐྱོར་གྲུབ་འབྲས། བོད་ཀྱི་ཡུལ་སྐོར། རིག་གནས་བོད་ལྗོངས། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས། ཀྲུང་ཧྭ་བོད་ལུགས་གསོ་རིག ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས། ནུས་རྒྱུ་གཙང་མ་སོགས་འགྲེམས་ཁུལ་17བཀོད་སྒྲིག་བྱས་པ་རེད། པར་རིས་དང་། སྒྲ་བརྙན། དངོས་རྫས། ཕན་ཚུན་ཉམས་ལེན་དང་དེ་བཞིན་གྲངས་འཛིན་ཅན་གྱི་ལག་རྩལ་གསར་པ་སྤྱད་པ་བརྒྱུད་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་བཅས་ཀྱི་ཐོག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་སྲོལ་རྒྱུན་རིག་གནས་དང་། རང་བྱུང་མཛེས་ལྗོངས། ཁྱད་ལྡན་ལེགས་ཆའི་ཐོན་ལས་བཅས་མངོན་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས་འགྲེམས་རྫས་ལ་གཟིགས་ཀྱིན་དུ་སྤེལ་རེས་དང་གྲོས་བསྡུར་གནང་བ་དང་། འགྲེལ་བཤད་ནན་ཏན་ངང་གསན་ནས་འགྲེམས་སྟོན་གྱི་ནང་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གྱོན་ཆས་ངོམ་སྟོན་དང་། མཛེས་སྡུག་ལྡན་པའི་བྲོ་འཁྲབ་པ། ངོ་མཚར་ཆེ་བའི་བོད་ཡིག་ཡིག་གཟུགས། ལུས་རྩལ་གྲུབ་འབྲས་འགྲེམས་སྟོན་སོགས་ལས་འགྲེམས་སྟོན་ལ་གཟིགས་མཁན་སྐུ་མགྲོན་གྱི་ཡིད་དབང་འཕྲོག་ནས་ཚང་མས་བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་དང་མི་ཆོས་རིག་གནས་ལོ་རྒྱུས་ཀྱི་མཛེས་པར་བསྔགས་བརྗོད་གནང་བ་རེད།

    ཐོན་རྫས་འགྲེམས་ཚོང་ཁང་ནང་ས་མཐོའི་ཁྱད་ལྡན་ཐོན་ལས་སྤུས་དག་དང་། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་རྫས། རྒྱལ་སྤྱིའི་སྤུས་ལེགས་ཐོན་རྫས། སའི་གོ་ལའི་སྣེ་གསུམ་པ་སོགས་འགྲེམས་ཁུལ་9ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་612འགྲེམས་ཚོགས་ལ་ཞུགས་ཡོད་པ་དེའི་ནང་གློག་རྡུལ་འཛད་རྫས་དང་། གློག་རྡུལ་གློག་ཆས། ཡུལ་ཟོག ཁྱད་ལྡན་ལག་ཤེས་ཐོན་རྫས་སོགས་སྣ་ཁ་19ཡི་ཐོན་རྫས་ཁྲི་ཙམ་ཚུད་ཡོད་པ་རེད།

    འགྲེམས་ཁུལ་གྱིས་ཁྱད་ཆོས་མངོན་གསལ་དོད་པ་དང་། སྣ་ཁ་ཕུན་སུམ་ཚོགས་པ། སྤུས་ཀ་དག་པ། སྤུས་ཚད་མཐོ་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་དང་ལྷག་པར་དུ་བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་འགྲེམས་སྟོན་བྱས་པ་དེས་འཛད་སྤྱོད་པ་མང་པོ་ཞིག་གི་ཡིད་དབང་འཕྲོག་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཕེབས་མཚམས་ཡང་ཡང་བཞག་ནས་ཐོན་རྫས་ཀྱི་ཁྱད་ཆོས་དང་། སྤུས་རྟགས་གཏོད་པ། ཚོང་ཟོག་ཉོ་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། འགྲེམས་ཚོགས་ལ་ཞུགས་མཁན་གྱི་ཚོང་པ་དང་འབྲེལ་གཏུག་སྤེལ་རེས་ཀྱང་ཡང་ཡང་གནང་ནས་ཁོང་ཚོས་བོད་ལྗོངས་འགྲེམས་ཚོགས་ཀྱི་ལས་སྟེགས་བརྒྱུད་ཕྱིར་ཚོང་དང་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ཀྱི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཧུར་ཐག་བྱས་ནས་རེ་སྒུག་ཆེན་པོ་བཅངས་ནས་ཡོང་བ་དང་བློ་ཡིད་ཚིམ་པོའི་ངང་ལོག་ཐུབ་པ་བྱེད་དགོས་པའི་རེ་བ་བཏོན་པ་རེད།

    ཁྲེན་ཡུང་ཆི་དང་། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། བོད་དུ་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འཐུས་མི་ཚོགས་པའི་སྐུ་མགྲོན། ཁེ་ལས་མཁས་ཅན་གྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། དམིགས་བསལ་གདན་ཞུས་འཐུས་མི་ཚོགས་པའི་སྐུ་མགྲོན་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་བཅས་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།