དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་པ།

    ཧུའུ་ཧོ་ཕིང་དང་ཝང་ཅུན་ཀྲེང་གིས་འགོ་ཚུགས་ཆུ་ཤེལ་སྤོ་ལོ་མཉམ་དུ་མནན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-18

    ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ·ཏི་སྨིར་ཤིས་ནཱ་དང་། ཧུའུ་ཧོ་ཕིང་། ཡན་ཅིན་ཧའེ་བཅས་ཀྱིས་ཤིས་ཚིག་གསུངས་པ།

    པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་དང་། ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ལེན་དབྱི་མིན། ཆེ་དགྲ་ལྷ་བཅས་ཞུགས་པ་དང་ཁྲེན་ཡུང་ཆི་ཡིས་གཙོ་སྐྱོང་གནང་བ།

    ཟླ་6ཚེས་16ཉིན་གྱི་ཆུ་ཚོད་20དང་སྐར་མ་45ཡི་ཐོག་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཆུ་ཚོད་21དང་སྐར་མ་20ཙམ་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་གྱི་ལས་བགོས་འགན་འཁུར་པུའུ་ཀྲང་གཞོན་པ་དང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧུའུ་ཧོ་ཕིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགོ་ཚུགས་ཆུ་ཤེལ་སྤོ་ལོ་མཉམ་དུ་མནན་པ།

    ཟླ་6ཚེས་16ཉིན་གྱི་ཆུ་ཚོད་20དང་སྐར་མ་45ཡི་ཐོག་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    ཚེས་16ཉིན་གྱི་ཆུ་ཚོད་20དང་སྐར་མ་45ཡི་ཐོག་རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། རྒྱལ་སྤྱི་དང་རྒྱལ་ནང་གི་སྐུ་མགྲོན་ཆིག་སྟོང་ལྷག་ཙམ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར“ཉི་འོད་གྲོང་ཁྱེར”ལྷ་སར་འཛོམས་ནས་མཉམ་དུ་མཛའ་གྲོགས་གླེང་བ་དང་། མཉམ་ལས་གླེང་བ། འཕེལ་རྒྱས་དོན་གཉེར་བཅས་བྱས་ཡོད།

    ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་གྱི་ལས་བགོས་འགན་འཁུར་པུའུ་ཀྲང་གཞོན་པ་དང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧུའུ་ཧོ་ཕིང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགོ་ཚུགས་ཆུ་ཤེལ་སྤོ་ལོ་མཉམ་དུ་མནན་པ་རེད། ཧུའུ་ཧོ་ཕིང་དང་དེ་བཞིན་ནེ་པ་ལ་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ·ཏི་སྨིར་ཤིས་ནཱ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་བཅས་ཀྱིས་ཤིས་ཚིག་གསུངས་པ་རེད།

    མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའི་པུའུ་ཀྲང་པཱ་ཐེ་ཝུའུ་ལི་ཅི·པཱ་ཐེ་ཨེར་ཏེང་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཀྲུང་གོར་བཅའ་སྡོད་ཐང་ཀའི་གཞུང་ཚབ་ཆེ་མོ་བ་ཐའོ་ཨ་དབྱི་ཁཱ·ཝུའུ་ཐ་ཨ་ཐུའུ། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་དང་ཧོ་པེ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེན་དབྱི་མིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆེ་དགྲ་ལྷ་བཅས་མཛད་སྒོར་ཞུགས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

    སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། རྣམ་གྲངས་སྣ་ཁ་འཛོམས་ལ་འགྲེམས་སྟོན་ལ་ཞུགས་མཁན་ཚོང་པ་མང་བ་དང་། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་དང་འགྲེམས་སྟོན་དང་འགྲེམས་ཚོང་མཉམ་བགྲོད་བྱས་ཏེ་ཁྱད་ལྡན་འགྲེམས་སྟོན་དང་། བཞེད་དོན་གཙོ་བོའི་གླེང་སྟེགས། ཡུལ་སྐོར་ཚོང་གཉེར་ཁྱབ་གདལ། ཚོང་འགུགས་མ་འདྲེན་དང་འོས་སྦྱོར་ངོ་སྤྲོད་སོགས་གཙོ་གནད་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས“ཀྲུང་གོའི་ཉམས་འགྱུར་དང་། ས་མཐོའི་བརྩེ་སེམས། བོད་ཀྱི་ཁྱད་ཆོས”བཅས་སྔར་བས་མངོན་པར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་འགྲེམས་ཚོགས་ལ་ཞུགས་མཁན་སྐུ་མགྲོན་ལ་སྤེལ་རེས་དང་མཉམ་ལས་ཀྱི་ལས་སྟེགས་ཤིག་བཏོད་ཡོད།

    ཧུའུ་ཧོ་ཕིང་གིས་ཤིས་ཚིག་གསུང་སྐབས་འགྲེམས་ཚོགས་གཟབ་རྒྱས་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བོད་ལྗོངས་འགྲེམས་ཚོགས་ཀྱིས་ཆེད་ལས་རང་བཞིན་དང་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་ཀྱི་ལས་སྟེགས་ཤིག་ཧུར་ཐག་བཏོད་དེ་བོད་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་དང་། མི་ཆོས་རིག་གནས་ཀྱི་མཛེས་པ། ལོ་རྒྱུས་ཀྱི་མཛེས་པ་བཅས་མངོན་པ་དང་། བོད་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་དང་། རྣམ་པ་གསར་པ། འགྱུར་ལྡོག་གསར་པ་བཅས་མངོན་པར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་དམངས་ཚོགས་དེ་བས་མང་བས་བོད་ལྗོངས་ངོས་འཛིན་དང་། ཤེས་རྟོགས། དགའ་ཞེན་བཅས་ཡོང་བ་བྱ་རྒྱུ་དེ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་གཉེར་བ་གོ་སྐབས་སུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་དང་། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་སྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་དང་། རྩ་ཆེའི་གོ་སྐབས་གསར་པ་དམ་འཛིན། ཕུན་སུམ་ཚོགས་པའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བཅས་བྱས་ནས་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། བོད་ལྗོངས་འགྲེམས་ཚོགས་ཀྱི་ཁྱད་ཆོས་ཅན་དང་། སྤུས་ཚད་ཅན། རིག་ནུས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཅ་ནེ་ཧྲེ·ཕུའུ་ལ་ས་ཏེ·ཏི་སྨིར་ཤིས་ནཱ་ཡིས་ཤིས་ཚིག་གསུང་སྐབས་ད་ཐེངས་ཀྱི་འགྲེམས་ཚོགས་དང་དེ་བཞིན་དེ་དང་འདྲ་བའི་འགྲེམས་ཚོགས་གཞན་དག་ལས་ནེ་པ་ལ་དང་ཀྲུང་གོ་དང་ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད། ད་ཐེངས་ཀྱི་འགྲེམས་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་གྱི་ཡུལ་སྐོར་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་དང་ཀྲུང་གོ་དང་ཀྲུང་གོའི་བོད་ལྗོངས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་གི་སྙན་གྲགས་ཆེ་རུ་གཏོང་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་ཤིས་ཚིག་གསུང་སྐབས། བོད་ནི་འཕེལ་རྒྱས་དང་ཡར་ཐོན་གྱི་བདེ་སྐྱིད་ལྡན་པའི་ས་ཆ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལ་ཐུགས་བརྩེ་ཟབ་ཅིང་། བཀའ་དྲིན་ཤིན་ཏུ་ཆེ་བ་དང་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཐེངས་མང་ཕེབས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ།སྐུ་ངོ་མས་བོད་ཀྱི་འཕེལ་རྒྱས་ལ་ལམ་སྟོན་དང་སྣེ་ཁྲིད་གནང་བ་དང་ཁ་ཕྱོགས་གཏན་འཁེལ་གནང་སྟེ། བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁྲིད་སྟོན་གནང་ཡོད། བོད་ནི་བརྗིད་ཆགས་ཡིད་དབང་འཕྲོག་པའི་མཐོ་ས་ཡིན་ཞིང་། འདི་གར་རང་རྒྱལ་བྱང་རྒྱུད་ཀྱི་བརྗིད་ཉམས་ལྡན་ལ་ལྷོ་རྒྱུད་ཀྱི་སྔོ་ལྗང་མཛེས་པས་འཕྱུགས་པས་ལྟ་བས་མི་ངོམས་པའི་མཛེས་ལྗོངས་ཁུལ་གྲངས་ལས་འདས་པ་ཡོད། བོད་ལྗོངས་སུ་ཅི་དགར་རོལ་བ་ནི་འཛམ་གླིང་ཡོངས་ཀྱི་ཆེས་མཛེས་སྡུག་ལྡན་པའི་ཞིང་ཁམས་སུ་ཅི་དགར་རོལ་བ་དང་གཉིས་སུ་མ་མཆིས། བོད་ནི་ཀྲུང་ཧྭའི་རིག་གནས་ཀྱི་གནས་མཆོག་ཡིན་པ་དང་། རིག་དངོས་ཀྱི་བསྟན་བཅོས་ཧ་ཅང་མང་པོ་ཡོད་པ། དམངས་སྲོལ་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ། གསར་བརྗེའི་སྙིང་སྟོབས་ནམ་ཡང་ཉམས་པ་མེད་པ་བཅས་རེད། བོད་ལ་མྱོང་རོལ་བྱེད་པ་ནི་འཛམ་གླིང་ཐོག་གི་ཆེས་འོད་སྟོང་འཕྲོ་བའི་རིག་གནས་ཀྱི་མཆོག་ནོར་ལ་མྱོང་རོལ་བྱེད་པ་དང་མཚུངས། བོད་ནི་མཉམ་ལས་གཉིས་ཕན་གྱི་ས་གཞི་ཆེན་པོ་ཞིག་ཡིན་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་སྲིད་ཇུས་ཀྱི་ཕན་པ་མྱུར་ལ་ལེགས་པ། མེས་རྒྱལ་གྱི་རྒྱབ་བརྟེན་ཡོད་པ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ས་བབ་ཀྱི་ལེགས་ཆ་དེ་བས་མངོན་གསལ་དོད་པ། གྲབས་ཚགས་ཚུད་དང་གཏོང་གནད་འཁེལ། ཕྱོགས་སྒྱུར་རིམ་སྤོར་བཅས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བཞིན་ཡོད་པ། གོ་སྐབས་རྟག་ཏུ་ཡོད་པ་དང་གང་སར་རེ་བས་ཁེངས་ཡོད། ང་ཚོས་རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་བོད་དུ་རྟོག་ཞིབ་མཛུབ་ཁྲིད་དང་མ་འཇོག་ལས་གཏོད་བྱེད་པར་གདན་ཞུས་ཀྱིས། ང་ཚོ་དང་ཐུན་མོང་ཐོག་གཉིས་ཁེ་གཉིས་ཕན་གྱི་ཇུས་ཆེན་ལ་གྲོས་བསྡུར་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུར་བསུ་བ་ཞུ་གི་ཡིན་ཞེས་གསུངས་པ་རེད།

    ཆུ་ཚོད་21དང་སྐར་མ་20ཡོལ་ཙམ་ལ་ཧུའུ་ཧོ་ཕིང་དང་ཝང་ཅུན་ཀྲེང་གིས་མཉམ་དུ་ཆུ་ཤེལ་སྤོ་ལོ་མནན་པ་དང་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་དངོས་སུ་འགོ་ཚུགས་པ་རེད།

    འཁྲབ་སྟོན་ཧྲིལ་པོ་སྤྲོ་སྣང་དང་བཀྲ་ཤིས་ཀྱི་རྣམ་པས་ཁེངས་ཤིང་། སྤྲོ་སེམས་རབ་ཏུ་འཁོལ་བ་དང་བརྗིད་ཉམས་ལྡན་པས་བརྗེད་ཐབས་བྲལ་ཡོད། 《དུས་རབས་གསར་པར་དཀར་གཙང་མཇལ་དར་འབུལ》ཞེས་པའི་གླུ་གར་འཁྲབ་སྟོན་གྱིས་འཁྲབ་སྟོན་ཧྲིལ་པོ་མཐོ་རླབས་སུ་སླེབས་པར་བྱས་ཤིང་། འགྱུར་ཁུག་སྙན་པའི་གླུ་དབྱངས་དང་སྤྲོ་སྣང་ལྡན་པའི་སྟངས་སྟབས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་ཤར་རླུང་ཁྲོད“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞི”ལ་ཤུགས་སྣོན་རྒྱག་པ། ངར་སེམས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བརྗིད་ཆེའི་ལེའུ་ཐུན་མོང་ཐོག་རྩོམ་བཞིན་པ་གང་ལེགས་མངོན་ཡོད།

    གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཞུགས་མཁན་སྐུ་མགྲོན་གྲས་སུ། ནེ་པ་ལའི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་འཐུས་མི་ཚོགས་པ་དང་། ཀ་ཏ་མན་རྡུ་དང་དེ་བཞིན་དམངས་ཁྲོད་མཛའ་གྲོགས་རྩ་འཛུགས་ཀྱི་འཐུས་མི་ཚོགས་པ། མོང་གོལ་རྒྱལ་ཁབ་ཀྱི་རང་བྱུང་ཁོར་ཡུག་དང་ཡུལ་སྐོར་པུའི་འཐུས་མི་ཚོགས་པ། ཐང་ཀ་དང་། མ་ཏ་ཀ་སི་ཁར། བྷང་ག་ལ། ཝ་ནུ་ཨ་ཐུ། སྨི་ཁེ་རོ་ནི་ཞི་ཡ། སི་རི་ཡ། དབྱི་རག པོ་ཚི་ཝ་ན་སོགས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་འཐུས་མི་ཚོགས་པ། ཧན་གོའི་ཆིང་ཧྲང་ནན་ཏའོ་སྲིད་གཞུང་གི་འཐུས་མི་ཚོགས་པ། ཕྱི་རྒྱལ་གྱི་ལུས་རྩལ་དང་དཔལ་འབྱོར་ཚོང་དོན་གྱི་འཐུས་མི་ཚོགས་པའི་སྐུ་མགྲོན་བཅས་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཕྱི་འབྲེལ་པུའུ། སློབ་གསོ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས། མི་སྤྱི་པུའུ། ཆུ་བེད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཀྲུང་གོ་མི་དམངས་དངུལ་ཁང་། འགག་སྒོ་སྤྱི་ཁྱབ་ཧྲུའུ། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། དེ་བཞིན་དམིགས་འཛུགས་ཀྱིས་བོད་ཀྱི་རྫོང་ཁག་གཅིག་ལ་རོགས་སྐྱོར་བྱེད་མཁན་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་21གི་འབྲེལ་ཡོད་བློ་མཐུན། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་དང་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཀྱི་འཐུས་མི། ཁྲེང་ཏུར་བཅའ་སྡོད་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དཔལ་འབྱོར་ཚོང་དོན་དོན་གཅོད་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།