དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་ཀྱི་ཚོགས་ཆེན་འཚོགས་པ།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཞུས་ལེ་ཅང་གིས་ཤིས་ཚིག་གསུངས་པ། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-18

    ཟླ་6ཚེས་15ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་ཀྱི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུས་ལེ་ཅང་གིས་ཤིས་ཚིག་གསུངས་པ་རེད། འདི་ནི་ཚོགས་ར་ཡིན་པ།

    ཚེས་15ཉིན་གྱི་ཕྱི་དྲོར་ལྷ་སར་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་ཕྱོགས་ཀྱི་ཚོགས་ཆེན་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཞུས་ལེ་ཅང་གིས་ཤིས་ཚིག་གསུངས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥང་ཀོང་ཧྭ་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱེད་དགོས། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག འཕར་སྣོན་གྱི་སྒུལ་ཤུགས་བརྗེ་སྒྱུར་བཅས་བྱེད་མགྱོགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུ།ས་མཐོའི་སྐྱེ་དངོས་སོགས་ཀྱི་ཐོན་ལས་ལ་དམིགས་ནས་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་པ་དང་། འདང་ངེས་སྤྱོད་པ། སྤྱོད་མཁས་པོ་བཅས་བྱེད་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་སྣུར་སྲིང་། ཁེ་ལས་འབྲིང་ཆུང་གི་ལས་གཏོད་གསར་གཏོད་ལ་དངུལ་རྩའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྣེ་འདྲེན་ཁེ་ལས་ཀྱིས་ཕྲན་ཚེགས་ཁེ་ལས་སྐྱོན་བྲལ་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། གསར་གཏོད་སྐུལ་ཁྲིད་མཐའ་འཁྱོངས་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་ཁྲོམ་རའི་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས། ཁེ་ལས་ཆེ་འབྲིང་གིས་གཙོ་བོ་བྱས་པའི་ལག་རྩལ་གསར་གཏོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གྲྭ་དང་ས་ཁུལ་ཁེ་ལས་དང་ཐོན་སློབ་ཞིབ་བཅས་ཀྱི་མཉམ་ལས་གཏིང་ཟབ་བྱེད་པ། ཚན་ཞིབ་ཀྱི་གྲུབ་འབྲས་དོན་འཁྱོལ་དང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་ལ་དོ་དམ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རོགས་དང་། དམངས་གཉེར་ཁེ་ལས་སྤུས་ཚད་མཐོར་གཏོང་དང་སྤུས་རྟགས་གཏོད་པར་སྐུལ་མ་གཏོང་བ། རང་སའི་ཐོན་རྫས་ཀྱི་སྤུས་རྟགས་དང་ཁེ་ལས་ཀྱི་སྤུས་རྟགས་དེ་བཞིན་ས་ཁོངས་ཀྱི་སྤུས་རྟགས་བཅས་མགྱོགས་མྱུར་སྐྱེད་སྲིང་བྱེད་པ། སྤུས་རྟགས་དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་མཚན་སྙན་ཁྱབ་ཚད་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ་ཚོང་དོན་ལ་མཐོང་ཆེན་དང་། ཚོང་དོན་ལ་བརྩི་འཇོག ཚོང་དོན་བདེ་འཇགས། ཚོང་དོན་སྲུང་སྐྱོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། ཚོང་གཉེར་ཁོར་ཡུག་སླར་ཡང་ལེགས་སྒྱུར་དང་སླར་ཡང་མཐོར་གཏོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དང“སྐྱོན་བྲལ་གཉིས”ཀྱི་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་སྲིད་དོན་གྱི་ཁོར་ཡུག་དང་། ཁྲོམ་རའི་ཁོར་ཡུག ཁྲིམས་སྐྱོང་གི་ཁོར་ཡུག མི་ཆོས་རིག་གནས་ཀྱི་ཁོར་ཡུག་བཅས་མུ་མཐུད་ལེགས་སུ་གཏོང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་ཏུ་གཏོང་བ་དང་སྲིད་ཇུས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ། གཉེར་སྐྱོང་བྱེད་པོ་སྣ་ཚོགས་ལ་འདྲ་མཉམ་སྲུང་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཞབས་ཞུ་གཉེར་སྐྱོང་བྱེད་པོའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་དམངས་གཉེར་ཁེ་ལས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། ཀུན་སྤྱོད་མཁའ་འགྲུལ་སོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་དང་དེ་བཞིན་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ནང་ཞུགས་པར་རྒྱབ་སྐྱོར་བཅས་བྱེད་དགོས། སྲིད་གཞུང་དང་ཁེ་ལས་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་དགོས། རིམ་ཁག་ཏང་སྲིད་ལས་བྱེད་པ་ཚོས་བག་ཡངས་དང་ལྷག་བསམ་རྣམ་དག་གི་སྒོ་ནས་དམངས་གཉེར་ཁེ་ལས་དང་འབྲེལ་གཏུག་སྤེལ་རེས་བྱས་ཏེ། ཧུར་བརྩོན་དང་རང་འགུལ་ངང་ཞབས་ཞུ་ཡག་པོ་སྒྲུབ་པ་དང་། ཏན་ཏན་ཏིག་ཏིག་གི་སྒོ་ནས་གནད་དོན་ཐག་གཅོད་བྱས་ནས་འབྲེལ་གཏུག་བྱེད་སྐབས་ཐབས་ཡོད་པ་དང་། འབྲེལ་གཏུག་བྱེད་མཁས་པོ། འབྲེལ་གཏུག་བྱེད་སྐབས་མཚམས་དང་ཚོད་ཡོད་པ་བཅས་བྱེད་དགོས། རྒྱ་ཆེའི་ཁེ་ལས་མཁས་ཅན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རང་འགུལ་ངང་འབྲེལ་གཏུག་མང་ཙམ་དང་། སྤེལ་རེས་མང་ཙམ། སྐད་ཆ་དྲང་པོ་ཤོད་པ། ཐབས་ཇུས་བཟང་པོ་འདོན་པ་བཅས་བྱས་ནས། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྒྱལ་གཅེས་ལས་བཀུར་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་གསར་གཏོད། སྤྱི་ཚོགས་ལ་དྲིན་ལན་འཇལ་བ་བཅས་ཀྱི་དཔེ་མཚོན་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམངས་གཉེར་དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འབད་བརྩོན་བྱེད་དགོས། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་བསམ་བློའི་འཆིང་རྒྱ་བསལ་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་ཧུར་ཐག་བྱས་ཏེ། བོད་ཀྱི་དམངས་གཉེར་ཁེ་ལས་དང་ཕུལ་བྱུང་གི་དམངས་གཉེར་ཁེ་ལས་མཁས་ཅན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ཁོར་ཡུག་བཟང་པོ་ཤུགས་ཆེན་གཏོད་པ། ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཞུས་ལེ་ཅང་གིས་ཤིས་ཚིག་ནང་གསུང་དོན། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་སྐྱོར་ལས་དོན་ལ་སྔར་ནས་བཟུང་ཚད་མཐོའི་མཐོང་ཆེན་གྱིས་བོད་སྐྱོར་ལས་དོན་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་བྱེད་ཀྱི་ཡོད། ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་17གྱིས་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ལེགས་ཆ་འདོན་སྤེལ་དང་རང་འགུལ་ངང་བྱས་རྗེས་བཞག་པས་རོགས་སྐྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད། སླད་ཕྱིན་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྔར་རྒྱུན་བཞིན་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་གོམ་སྟབས་གསར་པ་རྒྱུན་ཆད་མེད་པར་སྤོ་བ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ལྷ་ས་གྲོང་ཨུད་ཀྱི་འགན་འཁུར་བློ་མཐུན་དང་དམངས་གཉེར་ཁེ་ལས་ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།