དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-17

    ཚེས་14ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཨུད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་ཏང་གི་སློབ་ཚན་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཨུད་ཀྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཆེད་དོན་ཟུར་ཁྲིད་གནང་བ་རེད།

    ཝང་ཝུའེ་ཏུང་གིས་ནན་བཤད་གནང་དོན། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཟབ་ཏུ་གཏོང་བ་དང་། ཁོང་དུ་ཆུད་པ། གཞན་སྒྱུར་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། ཕུགས་བསམ་དང་དད་སེམས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། ཐོག་མཐའ་བར་གསུམ་དུ་ཡིན་མིན་ཆེན་པོའི་མདུན་དུ་དར་ཆ་གསལ་སྟོན། ཚོད་བགམ་ནན་པོར་མི་སྐྲག་པ། བསླུ་བྲིད་སྣ་ཚོགས་ཀྱི་མདུན་དུ་ལངས་ཕྱོགས་བརྟན་པོ་འཛིན་པ། ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་བསམ་བློ་གཅིག་ལ་གཏོང་བ་དང་། མཉམ་དུ་ལས་ཀ ལངས་ཕྱོགས་གཅིག་ཏུ་ལང་བ་བཅས་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གཏིང་ཟབ་ཆུད་པ་དང་། དེར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། དེར་འདུས་པའི་འགོ་ཁྲིད་བྱེད་སྟངས་དང་། བསམ་བློ་གཏོང་སྟངས། ལས་ཀ་བྱེད་སྟངས་བཅས་ཡག་པོ་སྤྱད་དེ་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་བཏང་ནས། སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།