ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་13ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུར་པེ་ཅིང་དགེ་འོས་སློབ་ཆེན་རྒྱལ་ཁབ་བདེ་འཇགས་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཤན་ལུའོ་ཧུང་གིས“ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པའི”ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་པ་རེད། སྲིད་གཞུང་གི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་གི་ཁོངས་མི་ཁག་ཅིག་གིས་སྤེལ་རེས་གཏམ་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དེ་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཨང་དང་པོར་བརྩི་བ་དང་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་སྦྱོང་ལག་བསྟར་བྱས་ཏེ། “གནས་ཚུལ་མི་ཐོན་པ་དང་རྙོག་དྲ་མི་བཟོ་བའི”བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་དང་ལྷག་བསམ་རྣམ་དག་ངང“སྲུང་སྐྱོང་གཉིས”ལག་བསྟར་བྱེད་དགོས།
འཐབ་ཇུས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐད་སྤྱི་འདོམས་འཆར་འགོད་བྱེད་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་དམིགས་པ་བཅས་བྱས་ནས་རྒྱལ་ཁབ་བདེ་འཇགས་འགན་ལེན་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། དམངས་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་འགུལ་ངང་བདེ་འཇགས་སྲུང་སྐྱོང་དང་། བདེ་འཇགས་ཀྱི་འགན་འཁྲི་ནན་དུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བའི་ཟངས་གྱང་ལྕགས་རྩིག་བརྟན་པོ་སྐྲུན་དགོས།
ཚོགས་འདུར་ད་དུང་ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཡན་ཅིན་ཧའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཞིབ་ཕྲར་གཞིགས་ཏེ་དོན་དངོས་ཀྱི་གནས་ཚུལ་དང་འཚམ་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ། ཚན་རིག་གི་དགོངས་དོན་དང་མཐུན་པ་བཅས་ཀྱི“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་དང་། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པའི་ལག་བསྟར་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་ཕྱོགས་ཡོངས་ལ་སྐུལ་འདེད་གཏོང་བ་དང་། གནས་ཀྱིས་ཁྱོན་ལ་སྣེ་ཁྲིད་བྱེད་པར་དམ་འཛིན། སྤྱི་འདོམས་འགན་ལེན། བློ་ཁོག་ཆེན་པོས་གསར་གཏོད་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་མུ་མཐུད་ཁྱབ་པར་བྱས་ཏེ་གནས་ཚུལ་མཐིལ་རྟོགས་དང་། གནད་དོན་འཚོལ་བ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བརྗེ་སྒྱུར་དང་བེད་སྤྱོད་ཡག་པོ་བྱེད་དགོས། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལམ་ལུགས་ལག་བསྟར་སྲིད་གཞུང་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཇི་མ་ཇི་བཞིན་ཁྱབ་པར་བྱས་ཏེ་ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་། བྱ་བ། མི་བཅས་ལ་དོ་དམ་བྱེད་དགོས།