དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ཁོངས་གཏོགས་སུ“ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན”གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-16

    ཚེས་12ཉིན་དང་ཚེས་13ཉིན་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)ཁོངས་གཏོགས་སུ་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་ནས། ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ་90འཁོར་བའི་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་2023ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གཅིག་སྡུད་སློབ་སྦྱོང་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་ཡོང་བར་བྱེད་པ། རིགས་གཞུང་སྦྱོང་བའི་འདེགས་སྐྱོར་བརྟན་དུ་གཏོང་བ་བཅས་བྱས་ནས་ཏང་གི་སློབ་གྲྭར་བློ་རིག་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ཡག་པོ་ཚོགས་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་གྲ་སྒྲིག་གང་ལེགས་དང་འཆར་འགོད་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)རིགས་གཅིག་མཁས་ཅན་གདན་དྲངས་ནས་ཟུར་ཁྲིད་སྙན་ཞུ་གནང་བ་དང་། ས་གནས་ཁག་དང་གྲོང་ཁྱེར་ཁག་གི་ཏང་གི་སློབ་གྲྭའི་འགན་འཁུར་བ་བཀོད་སྒྲིག་བྱས་ནས་མྱོང་ཚོར་དང་ངོས་འཛིན་གླེང་བ། ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་སྤེལ་རེས་གཏིང་ཟབ་བཅས་བྱས་ཏེ། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་གྲུབ་འབྲས་དང་ཉམས་མྱོང་ཕྱིར་དྲན་ཕྱོགས་སྡོམ་དང་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས་ནས། དུས་རབས་གསར་པའི་བོད་ཀྱི་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ཐབས་འདོན་ཇུས་འབུལ་བྱས་ཡོད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཏང་གི་སློབ་གྲྭའི་ཁོངས་གཏོགས་ཀྱིས་དཔྱད་རྩོམ་52བསྐྱལ་བའི་ནང་དཔྱད་རྩོམ་20བདམས་ཐོན་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།