དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-16

     ཚེས་13ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཤིས་ཚིག རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན། འདུ་ཤེས་འཛིན་སྟངས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཚད་མཐོའི་མཐོང་ཆེན་དང་བརྩེ་སེམས་ཟབ་མོ་འཆང་ལུགས་མཚོན་པ་མ་ཟད། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། དངོས་འཛིན་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་རེ་ཟབ་མོར་དྲིན་ལན་འཇལ་དགོས། བློ་བརྟན་འགྱུར་མེད་ངང་སློབ་སྦྱོང་དང་དྲིལ་བསྒྲགས་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་གཙོ་གནད་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། སློབ་གསོ། སྨན་བཅོས་སོགས་ཐད་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་རྒྱུན་ཆད་མེད་པར་ཐག་གཅོད་ཡག་པོ་བྱེད་དགོས།

    བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས“དོན་ཆེན་བཞི”དང“གསར་གཏོད་བཞིར”དམིགས་ཏེ་ལུས་གནས་སུ་ཚུགས་པར་བྱས་ནས་དོན་འཁྱོལ་ལ་དམ་འཛིན་དང་བློ་གཅིག་སེམས་གཅིག་ངང་བྱ་གཞག་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཡག་པོ་བྱེད་དགོས་ན། བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཐད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། མཛའ་མཐུན་གྱི་མོས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འཕེལ་རྒྱས་དང་ཡར་ཐོན་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་ཡོང་བ་བྱས་ཏེ་དུས་རབས་གསར་པའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོན་དག་ཆུང་ཙག་ནས་བརྗོད་དོན་ཆེན་པོ་མཚོན་པ་དང་གཏམ་རྒྱུད་ཆུང་ངུ་ནས་གནས་ལུགས་ཆེན་པོ་བརྗོད་མཁས་པོ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲིད་སྟོན་སྔར་བས་ཡག་པོ་བྱེད་དགོས།

    ཡན་ཅིན་ཧའེ་ཡིས། ཆབ་སྲིད་ཀྱི་ངོ་བོ་བརྟན་དུ་གཏོང་བ་དང་སྲིད་གཙང་འཛུགས་སྐྱོང་ཟབ་ཏུ་བཏང་སྟེ་མུ་མཐུད་སྣེ་ཁྲིད་དང་། བཅོས་སྐྱོང་། ཉེན་ཟོན། ལམ་སྲོལ། འགན་འཁྲི་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཆེད་དོན་བཅོས་སྒྲིག་ཆེ་མོ་ལག་བསྟར་ཡག་པོ། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།