དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་འགྲིམ་འགྲུལ་དངུལ་ཁང་གི་ཏུང་ཧྲི་ཀྲང་རེན་ཏེ་ཆི་བཅས་པ་དང་བཞུགས་མོལ་གནང་བ།

    ཡན་ཅིན་ཧའེ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-16

    ཟླ་6ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགྲིམ་འགྲུལ་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་རེན་ཏེ་ཆི་བཅས་པ་དང་བཞུགས་མོལ་གནང་བ་དང་འབྲེལ་བོད་རང་སྐྱོང་ལྗོངས་ཀྱིས་འགྲིམ་འགྲུལ་དངུལ་ཁང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་དཔང་པོ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།

     ཚེས་14ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་འགྲིམ་འགྲུལ་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་རེན་ཏེ་ཆི་བཅས་པ་དང་བཞུགས་མོལ་གནང་བ་མ་ཟད། བོད་རང་སྐྱོང་ལྗོངས་དང་འགྲིམ་འགྲུལ་དངུལ་ཁང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་དཔང་པོ་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཟླ་བ་ཚེ་རིང་། ཝུའེ་ཤིའུ་ཀྲང་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རེན་ཏེ་ཆི་དང་བཅས་པར་དགའ་བསུ་ཞུས་ཏེ་འགྲིམ་འགྲུལ་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔར། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད། དུས་ཡུན་རིང་པོའི་ནང་། བོད་ལྗོངས་དང་འགྲིམ་འགྲུལ་དངུལ་ཁང་དབར་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་རྒྱུན་འཁྱོངས་ཐུབ་ཡོད། འགྲིམ་འགྲུལ་དངུལ་ཁང་གིས་ལེགས་ཆ་སྔར་བས་འདོན་སྤེལ་དང་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་དངུལ་རྩའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་འགན་ནུས་འདོན་སྤེལ་བྱས་ཏེ། བོད་ལྗོངས་དྲིལ་བསྒྲགས་དང་། བོད་ལྗོངས་འོས་སྦྱོར། ལྗོངས་ཕྱིའི་སྤྱོད་དུད་ཁེ་ལས“ནང་འདྲེན”ལ་ཞབས་འདེགས་ཞུ་བ། ལྗོངས་ནང་ཁུལ་གྱི་འཛད་སྤྱོད་ཁེ་ལས“ཕྱིར་བསྐྱོད་རྒྱུར”རྒྱབ་སྐྱོར་བཅས་བྱས་ནས་བོད་འདི་ཉིད་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེ་མོར་མཉམ་འདྲེས་ཐུབ་པར་རམ་འདེགས་བྱེད་རྒྱུ། བོད་ཀྱི་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ལེགས་ཆ་གསབ་རེས་དང་དགེ་སྤེལ་སྐྱོན་སྤོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ཀུན་སྤྱོད་མཁའ་འགྲུལ་དང་། ནུས་རྒྱུ་གཙང་མ། ས་མཐོའི་ཡང་བའི་བཟོ་ལས་བཅས་འཕེལ་རྒྱས་གཏོང་བའི་ནང་ཧུར་ཐག་ཞུགས་པ། ཐོན་ལས་དང་དངུལ་རྩ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། བོད་ཀྱི་དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གཏོད་པར་རམ་འདེགས་བྱེད་རྒྱུ། དངུལ་རྩའི་སྒྲིག་གཞིའི་ཤེས་ལྡན་མི་སྣ་དང་། ལག་རྩལ། རིག་སྟོབས་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཤེས་ལྡན་མི་སྣ་དང་རྣམ་གྲངས་སྤེལ་རེས་འབྲེལ་མཐུད་ཀྱི་ལས་སྟེགས་བཙུགས་ནས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ཤེས་ལྡན་མི་སྣ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ། ཞིང་འབྲོག་ཁུལ་གྱི་གོ་ཆོད་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་ཤུགས་ཆེན་བྱེད་རྒྱུ། ལྗང་མདོག་གི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་གི་དངུལ་རྩའི་ཐོན་རྫས་དང་ཞབས་འདེགས་གསར་གཏོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སོགས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ནང་ཞུགས་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྔར་བས་ཞབས་འདེགས་ཞུ་རྒྱུ་བཅས་ཀྱི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་བཞིན་འགྲིམ་འགྲུལ་དངུལ་ཁང་ལ་བོད་དུ་ལས་སྒོ་གཉེར་བར་རྒྱབ་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུས་མཐུན་སྦྱོར་ཞབས་འདེགས་ཡག་པོ་ཞུ་བ་དང་། མཉམ་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡིན།

    རེན་ཏེ་ཆིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁེ་ལས་བོད་དུ་འཕེལ་རྒྱས་གཏོང་རྒྱུར་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། འགྲིམ་འགྲུལ་དངུལ་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གཏིང་ཟབ་བྱས་ནས། ཚན་རྩལ་གྱི་དངུལ་རྩ་དང་ལྗང་མདོག་གི་དངུལ་རྩ་སོགས་ཀྱི་ཐད་ཐབས་ལམ་མང་པོ་དང་། ཁྱབ་ཁོངས་མང་པོ། རིམ་པ་མང་པོ་བཅས་ཀྱི་མཉམ་ལས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།