དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

    ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-15

    ● ལས་ཀའི་འགན་འཁྲི་དོན་འཁྱོལ་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འབྲུ་རིགས་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།

    ཚེས་13ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལས་ཀའི་འགན་འཁྲི་དོན་འཁྱོལ་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འབྲུ་རིགས་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཟླ་བ་ཚེ་རིང་། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་གྱི་ལས་དོན་སྤེལ་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་གྱི་བཀོད་སྒྲིག་གསན་པ་དང་། རང་སྐྱོང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་གསལ་ཐོ་དང་། རྨོ་ཞིང་སྲུང་སྐྱོབ། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་བཅས་ཀྱི་དཔྱད་ཞིབ་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་འཇུག་དང་གྲོས་ཞིབ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འབྲུ་རིགས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་དང་སྦྲགས། འབྲུ་རིགས་བདེ་འཇགས་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། ང་ཚོས་འབྲུ་རིགས་བདེ་འཇགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་འབྲུ་རིགས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཐོག་ནས་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཏེ་འབྲུ་རིགས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱེད་ནུས་བརྟན་པོའི་ངང་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་བདེ་འཇགས་ཀྱི་རྩ་བ་དམ་པོར་འཛིན་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་བདེ་འཇགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རྨོ་ཞིང་དབང་ཚད་དང་ཡུན་རིང་རང་བཞིན་གྱི་གཞི་རྩའི་ཞིང་ཁའི་རྒྱ་ཁྱོན་གྱི་དམར་ཐིག་བརྟན་པོ་སྲུང་བ་དང་། བྱ་ཐབས་ནན་པོར་བརྟེན་ནས་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ། འཆར་འགོད་དོ་དམ་ཚོད་འཛིན་དང་སྤྱོད་སྒོ་ཚོད་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང་བཟུང་བའི་ཁ་གསབ་དོ་སྙོམས་ལམ་ལུགས་ཇི་མ་ཇི་བཞིན་ལག་བསྟར་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཞིང་ལས་ཚན་རྩལ་དང་སྒྲིག་ཆས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ལས་ལག་རྩལ་བེད་སྤྱོད་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། གེགས་འགོག་གེགས་སེལ་གྱི་མ་ལག་འཛུགས་པར་ཤུགས་སྣོན་རྒྱག་པ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་པའི་འབྲུ་རིགས་འདེབས་པའི་ཧུར་སེམས་གང་ལེགས་འཕེལ་བར་བྱེད་དགོས། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་ལེན་བསྟར་ཏེ་སོན་གསོ་སྤེལ་དང་ནང་འདྲེན་གལ་ཆེ་མཉམ་འཛིན་དང་། སོན་བཟང་དང་ཐབས་བཟང་ཆ་ལག་ཚང་བ། ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སོན་གསོ་ར་བ་དང་ས་ཁོངས་རང་བཞིན་གྱི་སོན་གསོའི་རྫོང་ཆེན་དང་དེ་བཞིན་རིགས་ཁག་གི་སོན་སྲུང་ར་བ་དང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། སོན་ལས་ཀྱི་ཚན་རྩལ་གསར་གཏོད་བཀོལ་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཡུལ་བབ་དང་བསྟུན་ནས་སོན་རྒྱུ་དང་། འབྲི་གཡག་གི་རྒྱུད་པ། གཟན་རྩྭའི་སོན་སོགས་འདེམས་གསོ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཞིང་ལས་སོན་བཟང་ཅན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། འབྲུ་རིགས་སྙོམས་སྒྲིག་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ། མཛོད་ཉར་འབྲུ་རིགས་ལ་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འབྲུ་རིགས་ལ་ལྟ་འདོམས་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཁོར་རྒྱུག་གི་སྒྲིག་ལམ་སྲུང་སྐྱོང་། འབྲུ་རིགས་འཕྲལ་སྡོམ་འགན་སྲུང་བྱེད་ནུས་དང་འབྲུ་རིགས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་གྱི་བླང་བྱར་ནན་པོ་གཞིགས་པ། ལས་དོན་གྱི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་ཐུབ་པའི་འགན་ལེན་བྱེད་དགོས། བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་རིམ་ཁག་ཏང་ཨུད་ཀྱིས་འབྲུ་རིགས་བདེ་འཇགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས་འབྲུ་རིགས་བདེ་འཇགས་ཀྱི་འབྲེལ་ཡོད་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མངོན་གསལ་དོད་པའི་འགལ་བ་ཐག་གཅོད་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་སོ་སོའི་ལས་ཀའི་འགན་འཁྲི་གཞིར་བཟུང་ལས་ཀའི་གཙོ་གནད་དམ་འཛིན་བྱས་ཏེ་རང་འགུལ་ངང་ཇུས་འགོད་དང་། གཞོགས་འདེགས་དམ་ཟབ། ནུས་ཤུགས་ཡོད་རྒུས་མཉམ་ལས་བཅས་བྱས་ཏེ་ཁྱབ་ཁོངས་དེ་རང་དང་ལས་རིགས་དེ་རང་གི་འབྲུ་རིགས་བདེ་འཇགས་ལས་དོན་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱེད་དགོས། དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་ལམ་ལུགས་ནན་དུ་བཏང་སྟེ་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་གང་ལེགས་བཏོན་ནས་དཔྱད་ཞིབ་བྱས་འབྲས་དེ་ས་གནས(གྲོང་ཁྱེར)ཁག་གི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིར་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་དོན་བྱས་རྗེས་ཀྱི་དཔྱད་ཞིབ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་དངོས་ཀྱི་དཔྱད་ཞིབ། འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་དང་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བཅས་ཀྱི་ནང་འཇུག་པ། གྲུབ་འབྲས་སྤྱོད་པར་ཤུགས་སྣོན་རྒྱག་པ། དྲང་ཕྱོགས་ཀྱི་ལྕག་སྐུལ་མཐའ་འཁྱོངས་བཅས་བྱས་ཏེ་བྱ་དགའ་དང་ཆད་གཅོད་ཀྱི་ལམ་ལུགས་དངོས་འབྲེལ་ཁ་གསལ་ཡོང་བ་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དེ་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ལ་ཁྱབ་པར་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། ལས་འགན་སྒྲུབ་ཕོད་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས་ལས་དོན་ཁག་ཚད་གཞི་དང་སྤུས་ཚད་མཐོ་པོས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།