དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • རང་སྐྱོང་ལྗོངས་ཀྱི་2022ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ལ་དཔྱད་ཞིབ་དཔྱད་དཔོག་བྱས་པའི་ཚུར་ལན་གནད་དོན་དག་ཐེར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-14

    ཟླ་6ཚེས་10ཉིན་རང་སྐྱོང་ལྗོངས་ཀྱི་2022ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ལ་དཔྱད་ཞིབ་དཔྱད་དཔོག་བྱས་པའི་ཚུར་ལན་གནད་དོན་དག་ཐེར་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་གིས་དཔྱད་ཞིབ་ཚུར་ལན་བྱས་པའི་གནད་དོན་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་ཏེ་ཕན་འབྲས་ཐོན་པ་བྱས་ནས་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་ལ་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་གིས་དཔྱད་ཞིབ་ཚུར་ལན་བྱས་པའི་གནད་དོན་ལ་དམིགས་པ། རང་སྐྱོང་ལྗོངས་ཀྱིས་དཔྱད་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་བསྡུར་བྱེད་པ། གནད་དོན་གྱི་གསལ་ཐོ་དང་། དག་ཐེར་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོ་བ། ཟུར་བསྟན་ལེབ་མཐོང་དང་ཚང་བཤེར་ཆད་གསབ། བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ། བརྟག་དཔྱད་ཞིབ་འཇུག་རབ་ཏུ་དར་བ་བཅས་བྱས་ནས་གནད་དོན་གནད་སྨིན་འཚོལ་བ་དང་། ཐབས་ཇུས་ཡང་དག་འདོན་པ། ལས་འགན་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་རིས། འགན་འཁུར་མི་སྣ་བཅས་ཁ་གསལ་བཟོས་ནས་དག་ཐེར་གནད་ལ་འཁེལ་ཐུབ་པའི་འགན་ལེན་བྱེད་དགོས། མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཡོང་བའི་མཐའ་ཚད་བརྟན་པོ་སྲུང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་སྣང་ཆེན་བྱེད་པ། སྲིད་ཇུས་རང་བཞིན་གྱི་ཡོང་འབབ་བརྟན་པོ་ཡོང་བར་ཤུགས་རྒྱག་པ། དུས་ཐོག་དང་གྲངས་ཚང་ངང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་པ། གླ་ཆའི་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བར་ཤུགས་བརྒྱབ་ནས་དམིགས་སའི་རང་བཞིན་གྱི་ལས་ཞུགས་གསོ་སྦྱོང་བྱས་ཏེ་ལས་ཞུགས་ཀྱི་ལྟ་བ་སྒྱུར་བ། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་ཐུབ་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་ཧུར་ཐག་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་དགོས་པ་དང་། རྩྭ་སོན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། འབྲི་གཡག་རྒྱགས་གསོ་དང་བཤས་གཏོང་ཚད་མང་དུ་གཏོང་བ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ལ་བརྟེན་ནས་གྲོང་གསེབ་ཀྱི་རྒྱུ་ནོར་གང་འགབ་ཅི་སྤྱོད་ཀྱིས་ས་ཞིང་དང་རྩྭ་ར་ལྷག་མ་བརྒྱུད་བཤུག་གཏོང་བར་སྐུལ་མ་བཏང་ནས་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་སྔར་བས་མང་དུ་གཏོང་དགོས། ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ“ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)ཏང་ཨུད་དང་སྲིད་གཞུང་། རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་བཅས་ཀྱི་འགོ་ཁྲིད་གཙོ་བོས་འགན་འཁུར་བ་ཨང་དང་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ་དང་ལྷག་པར་དུ་རྫོང་ཨུད་ཀྱི་ཧྲུའུ་ཅིས“འཐབ་ས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡག་པོ་བྱས་ནས་དངོས་སུ་ཞིབ་འཇུག་བཀོད་སྒྲིག་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་རྣམ་གྲངས་དང་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་མ་དངུལ་དགོས་མཁོ་ཆེ་སར་སྤྱོད་ཐུབ་པར་བྱེད་དགོས། ཧྲག་དམག་དཔུང་འཇུག་མཐའ་འཁྱོངས་བྱས་ཏེ་སྟོབས་ཤུགས་ཡོད་རྒུ་དང་སྟོབས་ཤུགས་གང་ལེགས་བཏོན་ནས་འགག་སྒྲོལ་གྱི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱས་ཏེ་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་ཐེར་རྫུན་མ་དང་། ཁྲལ་སེལ་སླ་བཅོས་ཀྱི་དག་ཐེར། དག་ཐེར་བྱེད་ཤུགས་མི་འདང་བ་བཅས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་དངོས་སྒྲུབ་དང་ངར་ཤུགས་སྒྲིམ་པར་སྐུལ་འདེད་གཏོང་བ། དག་ཐེར་གྱི་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་ཐུབ་པའི་འགན་ལེན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།