དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ།

    ཡན་ཅིན་ཧའེ་དང་ཁྲེན་ཡུང་ཆི་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཟླ་6ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་ཕེབས་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་འགྲེམས་སྟོན་གྱི་འགྲེམས་ཁུལ་དུ་ཕེབས་ནས་ངོ་སྤྲོད་ནན་ཏན་་གསན་པ་དང་འགྲེམས་སྟོན་ལ་ཞིབ་ཚགས་གཟིགས་ནས་འགྲེམས་ཁུལ་ཁག་གི་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་དང་། འགྲེམས་སྟོན་གྱི་ནང་དོན། སྒོ་ཕྱེ་བའི་གྲ་སྒྲིག་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། ཁྱད་ཆོས་མངོན་གསལ་དོད་པོ་བཅས་ཡོང་བར་བྱས་ནས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་ཕེབས་ནས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་ཞིང་། ཁོང་གིས་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། ཁྱད་ཆོས་མངོན་གསལ་དོད་པོ་བཅས་ཡོང་བར་བྱས་ནས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་སྟེ་བོད་ལྗོངས་འགྲེམས་ཚོགས་ནང་དོན་གསར་པ་ཡོད་པ་དང་། ཁྱད་ཆོས་ལྡན་པ། བཀྲག་མདངས་འཚེར་བ་ཞིག་གཉེར་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། རེན་ཝེ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ལུའོ་མེ། ཝང་ཡུང་། ཞུས་ཀྲེ་ཐའོ་བཅས་ཞུགས་ཡོད་པ་རེད།

    བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་འགོ་ཚུགས་ཉེར་ཡོད་པས། བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་སུ་གྲ་སྒྲིག་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཝང་ཅུན་ཀྲེང་གིས་འགྲེམས་སྟོན་གྱི་འགྲེམས་ཁུལ་དུ་ཕེབས་ནས་ངོ་སྤྲོད་ནན་ཏན་གསན་པ་དང་འགྲེམས་སྟོན་ལ་ཞིབ་ཚགས་གཟིགས་ནས་འགྲེམས་ཁུལ་ཁག་གི་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་དང་། འགྲེམས་སྟོན་གྱི་ནང་དོན། སྒོ་ཕྱེ་བའི་གྲ་སྒྲིག་གནས་ཚུལ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས་དུས་འགོའི་ལས་དོན་ལ་ཁས་ལེན་དང་ལས་དོན་མི་སྣར་འཚམས་འདྲི་གནང་ཞིང་། ཁོང་གིས་བོད་ལྗོངས་འགྲེམས་ཚོགས་འགོ་ཚུགས་ཉེར་ཡོད་པས་འགག་རྩའི་དུས་སྐབས་འདིར་དེ་བས་ཀྱང་དུས་ཚོད་དམ་འཛིན་དང་། ཚང་བཤེར་ཆད་གསབ། ཡག་ཐོག་ཡག་བརྩེགས་ཡོང་བ་བཅས་བྱས་ཏེ་འཕྲལ་སེལ་སླ་བཅོས་སྤུ་ཙམ་ཡང་མེད་པར་ཞིབ་ཚགས་ནན་ཏན་དང་ནུས་སེམས་་གཅིག་སྒྲིལ་གྱི་ངར་ཤུགས་ཐོག་ནས་མཐའ་མའི་གདོང་མཆོང་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཡོང་བ་བྱེད་དགོས། འགྲེམས་སྟོན་བྱེད་སྐབས་བརྒྱུད་རིམ་ཡོངས་ལ་དམ་འཛིན་ཞིབ་ཕྲ་བྱས་ཏེ་ཞིབ་ཕྲའི་ཐད་ཤུགས་སྣོན་རྒྱག་པ་དང་ཞིབ་ཕྲའི་ཐོག་ནས་སྤུས་ཚད་མཐོང་ཐུབ་པ་བྱེད་དགོས། ལེགས་ཆ་འདོན་སྤེལ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་ཀྱི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་།

    མི་ཆོས་རིག་གནས་ཀྱི་མཛེས་སྡུག ལོ་རྒྱུས་ཀྱི་མཛེས་སྡུག་བཅས་གང་ལེགས་མངོན་པ་བྱེད་དགོས། བར་མཐོངས་བཀོད་པ་ལུགས་མཐུན་ངང་འཆར་འགོད་ཡག་པོ་བྱེད་པ་དང་། གྲངས་གཞི་ཅན་གྱི་ལག་རྩལ་གསར་པ་སྤྱོད་པ། འགྲེམས་སྟོན་གྱི་གཞི་རྟེན་དང་བྱེད་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་འགྲེམས་སྟོན“འཁྲུག་ཆ་དོད་པ”དང“མཛེས་སྡུག་ལྡན་པ”“གསོན་ཤུགས་རྒྱས་པ”བཅས་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བོད་ལྗོངས་འགྲེམས་ཚོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་གསེར་གྱི་མིང་བྱང་ལྟ་བུ་ཞིག་དང་། བོད་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་རྩེར་སོན་འགྲེམས་ཚོགས་གལ་ཆེན་ཞིག ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་སྟེགས་གལ་ཆེན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་ངེས་གནས་ཡང་དག་བཙལ་ཏེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་བོད་ལྗོངས་འགྲེམས་ཚོགས་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་གཅིག་གྱུར་དང་། སེམས་ནུས་གཅིག་སྒྲིལ། ལས་འགན་ཁ་གསལ་དང་གསལ་ཐོ་ཞིབ་ཚགས། ཇུས་གཞི་ལེགས་སྒྲིག སྤྱི་འདོམས་སྐུལ་འདེད། ཚད་གཞི་མཐོ་བ་དང་། སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་བཏང་སྟེ་སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲིག་འཛུགས་ཞིབ་ཚགས་དང་། ལག་བསྟར་ཞིབ་ཚགས། ཕན་འབྲས་ལ་མཐོང་ཆེན། སྤུས་རྟགས་གཏོད་པ་བཅས་བྱེད་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འགྲེམས་སྟོན་ཁག་ཡག་པོ་གཉེར་བ་དང་། བརྗོད་དོན་གཙོ་བོའི་བྱེད་སྒོ་ཁག་ཡག་པོ་སྤེལ་བ། ཕྱོགས་ཡོངས་དང་། ཟུར་ཚད་མང་བ། ཕྱོགས་བསྡུས་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་མངོན་པར་བྱས་ནས་བོད་ལྗོངས་འགྲེམས་ཚོགས་དེ་ཤུགས་རྐྱེན་ཐེབས་ནུས་དང་། སྐུལ་ཁྲིད་བྱེད་ནུས། ཁྲིད་སྟོན་གྱི་ནུས་པ་བཅས་ལྡན་པའི་དྲིལ་བསྒྲགས་འོས་སྦྱོར་གྱི་ལས་སྟེགས་ཤིག་ཏུ་གཏོད་དགོས། ཉམས་མྱོང་ཕྱོགས་སྡོམ་དང་། གཙོ་གནད་སྟངས་འཛིན། བྱེད་ཐབས་ཞིབ་ཚགས་བཟོ་བ་བཅས་དང་། གནད་དོན་དང་། དམིགས་ཚད། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལེགས་གཏོང་དང་། འཐུས་ཚང་། མཐོར་གཏོང་བཅས་ཀྱི་ཐད་དེ་བས་ཤུགས་སྣོན་རྒྱག་པ། དུས་ཚོད་དམ་འཛིན་ནན་པོ་དང་སྤུས་ཚད་དང་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ཏེ་དམིགས་ཚད་དང་ལས་འགན་ཁག་དུས་བཀག་གི་འཕེལ་རིམ་གཞིར་བཟུང་ལེགས་གྲུབ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། དྲིལ་བསྒྲགས་ཀྱི་གཙོ་གནད་ལ་དམིགས་པ་དང་དྲིལ་བསྒྲགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་། དྲིལ་བསྒྲགས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དྲིལ་བསྒྲགས་ཀྱི་རྣམ་པ་གསར་གཏོད། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་ཕྱི་ཕྱོགས་ཀྱིས་བོད་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་དེ་བས་མྱུར་བའི་སྒོ་ནས་འཛམ་གླིང་ལ་ཕྱོགས་ཐུབ་པ་བྱེད་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང་། གཙོ་རྒྱུ་གཅིག་སྡུད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “འགྲེམས་ཚོགས་ཡག་པོ་གཉེར་རྒྱུ”དང“འགྲེམས་ཚོགས་ཡག་པོ་སྤྱོད་རྒྱུ”སྤྱི་འདོམས་བྱས་ཏེ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་འགུགས་རྣམ་གྲངས་ཇུས་འགོད་གཏིང་ཟབ་བྱེད་པ། དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྣམ་གྲངས་ཀྱི་རྗེས་སྙེགས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲུབ་འབྲས་དོན་འཁྱོལ་གནད་སྨིན་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འགྲེམས་ཚོགས་ལས་དོན་སྒྲིག་འཛུགས་དང་། རྣམ་པ་གཏོད་པ། ཞབས་འདེགས་འགན་ལེན་སོགས་ཀྱི་ལས་དོན་ཁག་ལ་ཏན་ཏིག་དང་ཞིབ་ཚགས་ངང་དམ་འཛིན་ཡག་པོ་བྱེད་པ། ཏན་ཏན་ཏིག་ཏིག་དང་། གཅིག་ལ་གཅིག་སྦྲེལ། སྤུས་ཚད་མཐོ་བ་དང་ཕན་འབྲས་ལེགས་པ་བཅས་ཀྱི་འགན་འཁྲིའི་འཁོར་འབྲེལ་ཞིག་བཙུགས་ནས་ཉམས་ཞན་ལྷུ་ཚིགས་དུས་ཐོག་ཏུ་ཤེས་རྟོགས་དང་ལེགས་སུ་བཏང་སྟེ་ཁྱད་ཆོས་ལྡན་པ་དང་སྤུས་ཚད་མཐོ་བའི་བོད་ལྗོངས་འགྲེམས་ཚོགས་ཧུར་ཐག་གཉེར་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།