དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འགོ་ཚུགས་པ།

    ཏང་དང་མི་དམངས་ཀྱི་ཡིད་ཆེས་བློ་ལ་བརྟན་པོར་འཆང་བ་དང་དུས་རབས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་སྡེ་ཚོགས་ཀྲུང་དབྱང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ། ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-12

    ཟླ་6ཚེས་10ཉིན་གྱི་སྔ་དྲོར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ།

    ཟླ་6ཚེས་10ཉིན་གྱི་སྔ་དྲོར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འགོ་ཚུགས་ཤིང་། འདི་ནི་ཚོགས་འདུ་འཚོག་ཡུལ་ཡིན་པ།

     ཚེས་10ཉིན་གྱི་སྔ་དྲོར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ལྷ་སར་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་དང་མི་དམངས་ཀྱི་ཡིད་ཆེས་བློ་ལ་བརྟན་པོར་འཆང་བ། དུས་རབས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཝང་ཅུན། ལུའོ་མེ། སྒྲོལ་དཀར་བཅས་ཚོགས་འདུར་ཞུགས་པ་རེད།

    སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ཚོགས་ཆེན་འགོ་ཚུགས་ཤིང་། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་བ་དང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་མི་དམངས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཝང་ཅུན་ཀྲེང་གིས་གསུང་བཤད་གནང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ཚོགས་འདུ་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། འཐུས་མི་ཡོངས་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི། གཞོན་ནུ་ལོ་ཆུང་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། འདས་ཟིན་པའི་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་དང་རྒྱ་ཆེའི་གཞོན་ནུ་ཚོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་ཧུར་ཐག་བྱེད་དགོས། གསར་བརྗེའི་ཕུགས་བསམ་བརྟན་པོ་འཛུགས་པ་དང་། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་མྱོང་ཚོར་གཏིང་ཟབ་ཐུབ་པ། ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱེད་དགོས། ཁྱིམ་གཅེས་རྒྱལ་ཞེན་གྱི་བརྩེ་བ་འཆང་བ་དང་། རྒྱལ་ཁབ་ལ་བཀའ་དྲིན་འཇལ་བ་དང་མི་དམངས་ཀྱི་དོན་དུ་དམ་བཅའ་འཇོག་པ། སྒེར་གྱི་ཕུགས་བསམ་དང་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ། འབད་འཐབ་ལ་བརྟེན་ནས་ལང་ཚོའི་སྟོབས་ཤུགས་བརྟས་ནས་རིན་བྲལ་གྱི་ལང་ཚོར་དོན་སྙིང་ལྡན་པའི་བྱ་བ་སྒྲུབ་དགོས། སློབ་སྦྱོང་དང་ལག་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་ཕུལ་བྱུང་འཛུགས་སྐྲུན་པ་ཧུར་ཐག་བྱེད་དགོས། བསམ་བློའི་སྟོབས་ཤུགས་ཆེན་པོར་མྱོང་ཚོར་ཐུབ་པར་བྱས་ནས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་དང་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་མ་གཏོང་བ་བཅས་བྱས་ནས། ཚན་རིག་དང་མཐུན་པའི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་ལ་འགྱུར་བར་བྱེད་དགོས། རང་འགན་ཐེག་པ་ཁུར་ལེན་ཕོད་པར་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དོན་འཁྱོལ་བྱེད་པའི་སྟོབས་ཤུགས་གསར་པ་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་གྱི་ཁྲོད་དུ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་འཁྱོངས་གསར་འབྱེད། བདེན་དོན་བརྩོན་ལེན་བཅས་བྱས་ཏེ་འདུ་ཤེས་གསར་སྒྱུར་གྱི་གདོང་ལེན་པར་བརྩོན་ལེན་བྱེད་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཏན་ཏན་ཏིག་ཏིག་དང་དམ་པ་དོན་གཉེར་གྱིས་ཁུར་ལེན་དངོས་སྒྲུབ་ཀྱི་མིག་དཔེ་བརྩོན་ལེན་བྱེད་དགོས། འདུ་ཤེས་གསར་སྒྱུར་ཕོད་པ་དང་། འཚོལ་ཞིབ་གསར་གཏོད་ཕོད་པ། བསམ་གཞིག་ཞིབ་འཇུག་ལ་བརྩོན་པ་བཅས་བྱས་ནས་གསར་གཏོད་ལས་གཏོད་ཀྱི་དཔེ་དམག་ལ་བརྩོན་ལེན་བྱེད་དགོས། འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། སེམས་ཁྲལ་བྱེད་ས་བཅས་ལ་རྒྱུས་མངའ་ལོན་པ་དང་བརྩེ་བ་འཆང་བཞིན་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་བསྒྲུབས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བའི་དཔེ་བཟང་བར་བརྩོན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་མཁན་ཞིག་ལ་འགྱུར་བར་བྱེད་དགོས། སྣེ་ཁྲིད་དེ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཙུགས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་གྱི“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལ་ཧུར་ཐག་ཞུགས་དགོས། སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་ནས་ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། མཆོག་གྱུར་གྱི་བསམ་བློ་འཇགས་པ། མི་གཤིས་ལེགས་སུ་གཏོང་བ། གཟི་ཁྲེལ་ཤེས་པ། ཡིན་མིན་གསལ་འབྱེད་ཐུབ་པ། ཁྲིམས་དང་སྒྲིག་ཁྲིམས་སྲུང་བ་བཅས་བྱེད་དགོས། སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་འཛུགས་པ་དང་། ཚན་རིག་དང་། ཤེས་དཔལ། སྐྱོན་བྲལ། ཞི་མཐུན་བཅས་ཀྱི་འཚོ་བ་སྐྱེལ་སྟངས་བརྩོན་ལེན་ཧུར་ཐག སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་ཧུར་ཐག་ཞུགས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ལང་ཚོའི་དྲང་ནུས་ཁྱབ་སྤེལ་གཏོང་བ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚོགས་རྩ་འཛུགས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་དང་། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། གཞོན་ནུ་སྒྲིག་འཛུགས་དང་སྐུལ་སློང་བྱེད་ཐབས་དང་འདུ་ཤེས་ལམ་སྲོལ་གསར་གཏོད། སྡེ་ཚོགས་དོ་དམ་དང་སྡེ་ཚོགས་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། གཞོན་ནུ་དང་འབྲེལ་བ་དམ་ཟབ་དང་། གཞོན་ནུའི་ཡིད་སེམས་འགུག་པ། གཞོན་ནུར་མཐུན་སྒྲིལ་རྒྱ་ཁྱབ་བཅས་བྱས་ཏེ་གུང་གཞོན་སྡེ་ཚོགས“གཞོན་ནུའི་ཁྱིམ་གཞིས”སུ་ཧུར་ཐག་བསྐྲུན་ནས་བོད་ཀྱི་གུང་གཞོན་སྡེ་ཚོགས་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། རིམ་ཁག་སྡེ་ཚོགས་ལས་བྱེད་པས་འབད་འབུངས་ཡར་བརྩོན་དང་བྱས་རྗེས་ཧུར་ཐག་བཏོད་དེ། གཞི་རིམ་དང་འཐབ་ས་དང་པོར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་། འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གིས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་དང་ལེགས་སུ་གཏོང་བ་དང་། གུང་གཞོན་སྡེ་ཚོགས་ཀྱི་ལས་བྱེད་པ་འཚར་ལོངས་དང་ཡར་རྒྱས་ལ་ཚད་མཐོའི་མཐོང་ཆེན། གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ལས་ཀའི་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱེད་དགོས།

    སྡེ་ཚོགས་ཀྲུང་དབྱང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། བོད་ཀྱི་གུང་གཞོན་སྡེ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་གཞིགས་པ། “ཆབ་སྲིད་སློབ་གྲྭའི”ནུས་པ་ཏན་ཏིག་སྒྲུབ་པ། “གདོང་ལེན་སྟོབས་ཤུགས”ཀྱི་ནུས་པ་གང་ལེགས་འདོན་པ། “འབྲེལ་ཟམ”གྱི་འགན་འཁྲི་ཧུར་ཐག་འཁུར་བ། “སྔོན་ཐོན་རྩ་འཛུགས”འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གཞོན་ནུ་གུང་གཞོན་ཚོགས་མི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་དེ་བས་ངོ་མཚར་ཆེ་བའི་ལང་ཚོའི་ལེའུ་རྩོམ་པའི་ཐུགས་རེ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།