དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་བོད་དང་མཚོ་སྔོན་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།

    ཝང་ཅུན་ཀྲེང་དང་ཁྲེན་ཀང་གིས་གསུང་བཤད་གནང་བ་དང་ཡན་ཅིན་ཧའེ་དང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-09

    ཟླ་6ཚེས་6ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་བོད་དང་མཚོ་སྔོན་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པས་བོད་ལྗོངས་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བཞིན་པ།

    ཟླ་6ཚེས་6ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་བོད་དང་མཚོ་སྔོན་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ་ཡིན་པ།

    ཚེས་6ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་བོད་དང་མཚོ་སྔོན་ཞིང་ལྗོངས་གཉིས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝུའུ་ཞའོ་ཅུན་རྣམ་གཉིས་ཀྱིས་བཞུགས་མོལ་ཚོགས་འདུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཁག་སོ་སོར་ངོ་སྤྲོད་གནང་བ་དང་འབྲེལ། ས་གནས་གཉིས་ཀྱི་ཚབ་ཞུས་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་ཀྱང་བཀོད་གནང་བ་རེད།

    བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་གསུངས་དོན། བོད་ལྗོངས་དང་མཚོ་སྔོན་གཉིས་ནི་རི་ཆུ་སྦྲེལ་ཡོད་པ་དང་། མི་ཆོས་རིག་གནས་གཅིག་མཐུན། བར་ཐག་ཉེ་བ། ཡུལ་སྲོལ་གོམས་གཤིས་འདྲ་བས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་། ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྲུན། ནུབ་རྒྱུད་ཐོན་འབྱེད་ཆེན་པོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཐུན་མོང་ཐོག་ཕྲག་ཏུ་ཁུར་ཡོད། ཞིང་ལྗོངས་གཉིས་ཀྱིས་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཐུན་མོང་ཐོག་དམ་འཛིན་ཡག་པོ། མཚོ་བོད་ས་མཐོའི་ཞིང་ཆེན་གྱི་མཉམ་འབྲེལ་ལས་ཀའི་ལམ་སྲོལ་འཛུགས་པར་སྐུལ་འདེད། རང་བྱུང་སྲུང་སྐྱོང་ཁུལ་གྱི་དཔེ་སྟོན་མཉམ་སྐྲུན་ལས་དོན་སྤེལ་བ། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐཱན་ཚད་སྙོམ་སྦྱོར་དང་ཐཱན་ཚད་མཐོ་ཤོས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་དར་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། “ས་གྲོལ་གླིང་ཁུལ”མགྱོགས་པོ་སྐྲུན་པ། བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་གི་གོང་འོག་སྦྲེལ་མཐུད་མགྱོགས་པོ་བྱེད་པ། ཞིང་འབྲོག་ལས་དང་། བོད་ལུགས་གསོ་རིག ནུས་རྒྱུ་གཙང་མ་སོགས་ཀྱི་ཐོན་ལས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་མཉམ་སྤྱོད་དང་། སྒྲིག་ཆས་མཉམ་སྐྲུན། གཙོ་རྒྱུ་མཉམ་སྤྱོད། ཐོན་ལས་མཉམ་སྐྱེད་བཅས་ལ་སྐུལ་འདེད་གཏོང་དགོས་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་ཐུན་མོང་ཐོག་སྐྱེད་སྲིང་དང་། སྲིད་འཛིན་ཁུལ་ལས་བརྒལ་བའི་ཡུལ་སྐོར་ཞབས་ཞུའི་མ་ལག་འཛུགས་པ། ཡུལ་སྐོར་དང་རིག་གནས་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བཅས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཡུལ་སྐོར་གྱི་སྐོར་ལམ་ཆེན་པོ་ཆགས་པར་བྱེད་དགོས་པ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཕྱོགས་བསྡུས་ལངས་གཟུགས་ཀྱི་འགྲིམ་འགྲུལ་མ་ལག་ཐུན་མོང་ཐོག་གཏོད་པ་དང་། མཚོ་བོད་མྱུར་བགྲོད་སྐྱེལ་འདྲེན་བགྲོད་ལམ་ཆེན་པོ་དང་། མཚོ་བོད་ལྕགས་ལམ་གོར་མོ་དང་ལྷ་ས་དུམ་བུའི་གློག་རླངས་ཅན། དེ་བཞིན་ཕྱི་རོལ་གྱི་ལེ་ལག་ཚང་བའི་གློག་ཁུངས་བཅས་ཀྱི་ལས་གྲྭ་འཛུགས་སྐྲུན་མགྱོགས་པོ་བྱེད་པ། སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་དགོས་པ། སྤྱི་ཚོགས་སྤྱི་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་ལ་མཐུན་སྦྱོར་སྲུང་སྐྱོང་བྱས་ཏེ། ཡུན་རིང་བདེ་འཁོད་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན། ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན། བརྟན་ལྷིང་སྲུང་སྐྱོང་གི་བདེ་འཇགས་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི“འཆར་གཞི་གསུམ”སོགས་ཀྱི་བྱེད་སྒོར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་པ་བཅས་ཀྱི་ཐུགས་རེ་གནང་བ་རེད།

    ཁྲེན་ཀང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་རེད་ལ། མཚོ་སྔོན་ལས་དོན་གྱི་གཞི་འཛིན་ས་ཡང་རེད། ཐག་རིང་གི་གཉེན་ལས་གྲོང་པའི་ཁྱིམ་མཚེས་དགའ་ཞེས་པ་ལྟར། བོད་ལྗོངས་དང་མཚོ་སྔོན་གཉིས་ས་མཐོར་མཉམ་དུ་གནས་པ་དང་། མཚོ་བོད་ས་མཐོའི་བྱེད་པོ་དང་སའི་གོ་ལའི་སྣེ་གསུམ་པའི་ལྟེ་བའི་ཁུལ་ཁོངས་མཉམ་དུ་གྲུབ་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་ཐུན་མོང་ཐོག་ཁུར་ཡོད་པས་ཕན་ཚུན་ཁ་འབྲལ་ཐབས་གཏན་ནས་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྐུལ་སློང་བཀའ་རྒྱ་བཏང་བས། ཕྱོགས་གཉིས་པོས་དེ་སྔའི་རྨང་གཞི་དང་འགོ་འཛུགས་ས་གསར་པ་ནས། སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བ་དང་། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཁྱུ་ཚོགས་སྐྲུན་པར་སྐུལ་འདེད་གཏོང་བའི་ཐད་མཐུན་སྦྱོར་ཤུགས་སྣོན། སྒྲིག་སྲོལ་ལམ་སྲོལ་དང་། ཕྱོགས་བསྡུས་ཚན་ཞིབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ལ་མུ་མཐུད་ཤུགས་སྣོན། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་དུ་ཡག་པོ་གཏོད་པ་བཅས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཡག་པོ་སྲུང་དགོས་པའི་ཐུགས་རེ་གནང་བ་རེད།

    བོད་དུ་བཞུགས་རིང་། མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་དང་བོད་ལྗོངས་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།