དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལོ་རྒྱུས་ཀྱི་ཤེས་རིག་འཕེལ་རྒྱུན་བསྐྱངས་ནས། དེང་རབས་ཀྱི་ལེའུ་གསར་ཧུར་ཐག་རྩོམ་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-08

    “གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པར་གཞུང་འཁྱོངས་གསར་འབྱེད་ཀྱི་བློ་སྟོབས་དང་ངར་ཤུགས་ལ་བརྟེན་ནས། ལོ་རྒྱུས་ཀྱི་ཤེས་རིག་འཕེལ་རྒྱུན་བསྐྱངས་ནས། དེང་རབས་ཀྱི་ལེའུ་གསར་ཧུར་ཐག་རྩོམ་དགོས” ཟླ་6ཚེས་2ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དུ་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བར། རང་ལྗོངས་ཀྱི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་གཞུང་འཁྱོངས་གསར་འབྱེད་ཁྲོད་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། འགན་འཁྲི་འཁུར་ཕོད་པ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་གཏོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་སྲོལ་གཏོད་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལུའུ་ཁྲའོ་ཧྥེ་ཡིས་གཞུང་འཁྱོངས་གསར་འབྱེད་ནི་སྔར་ནས་བཟུང་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། དུས་རབས་གསར་པར་སྦྲ་ཆེན་རྫོང་གི་རིག་གནས་དང་སློབ་གསོའི་བྱ་གཞག་གི་ངོ་མཚར་ཆེ་བའི་ལེའུ་གསར་རྩོམ་པར་གཞུང་འཁྱོངས་གསར་འབྱེད་ནི་འགག་རྩ་རེད། སྦྲ་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས“རྩྭ་ཐང་གི་དཔའ་བོ”སྤུས་དག་སོགས་དཔའ་བོའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་རྩ་སྲུང་སེམས་སྐྱེད་དང་། “ཕྱིར་སྐྱོད་དང་ནང་འདྲེན”གྱི་སྒོ་དབྱེའི་སློབ་གཉེར་གྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས། བྱ་སྤྱོད་དངོས་སྤེལ་བ་དང་སྒྲུབ་ཕོད་པ་བཅས་བྱས་ནས། དུས་རབས་གསར་པའི་སྦྲ་ཆེན་རྫོང་གི་རིག་གནས་དང་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གི་དགེ་རྒན་ཚོས་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་ཤིང་། “མཐོ་སློབ་ཀྱི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ང་ཚོའི་ཚན་ཞིབ་དང་སློབ་ཁྲིད་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བར་དམིགས་ནས་སྤེལ་དགོས་ལ། རྒྱུན་ཆད་མེད་པར་གཞུང་འཁྱོངས་གསར་འབྱེད་བྱེད་དགོས་པ་མ་ཟད། བློ་སྟོབས་དང་བློ་གྲོས་དེ་བས་ཆེན་པོས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་རྩོམ་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན”ཞེས་བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་དགེ་རྒན་ཆེ་མོ་བ་གཞོན་པ་ཅིང་ཧྲི་ཡིས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད” བོད་ལྗོངས་མི་རིགས་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གི་དགེ་རྒན་ལི་ཡེ་ཙི་ཡིས“སླད་ཕྱིན་གྱི་སློབ་ཁྲིད་དང་ཚན་ཞིབ་ཁྲོད་ང་ཚོས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། རིག་གནས་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། སློབ་མ་ཚོས་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པོས་འཁུར་ཐུབ་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན”ཞེས་བརྗོད།

    བོད་ལྗོངས་ཞིང་འབྲོག་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ལོའུ་ཡོན་པིན་གྱིས“གོམ་སྟབས་རྗེས་མར་ང་ཚོས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། ང་ཚོས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱས་ནས་སློབ་མས་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བར་ཁྲིད་སྟོན། ཀྲུང་ཧྭའི་རིག་གནས་ཀྱི་ས་བོན་རྒྱུན་འཛིན་བཅས་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྦྲང་ཆར་གྱིས་སློབ་མ་འཚར་ལོངས་ཀྱི་ཞིང་ས་བརླན་པར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།