དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-07

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རུལ་རྒོལ་ཟིང་བཅོས་ཐད་རྩིས་བཤེར་གྱི་ནུས་པ་གལ་ཆེན་འདོན་པ་དང་རྩིས་བཤེར་དག་ཐེར་ལ་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་རྩིས་བཤེར་ལས་ཁུངས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྒྲིག་བཤེར་ལྟ་ཞིབ་ལྟ་སྐུལ་དང་། སྐོར་ཞིབ་སྐོར་གཡེང་ལྟ་སྐུལ། རྩིས་བཤེར་ལྟ་སྐུལ་བཅས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་འབྲེལ་མཐུད་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲེལ་གཏུག་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་། རང་འགུལ་ངང་འབྲེལ་མཐུད་ལ་ཤུགས་སྣོན། གོང་འོག་སྦྲེལ་མཐུད་ཡག་པོ། འབྲེལ་ཡོད་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་ཡག་པོ་བཅས་བྱེད་པ་དང་ཆབས་ཅིག ལག་ལེན་ཁྲོད་ཀྱི་ཕན་ཡོད་བྱེད་སྟངས་དང་ལྷག་པའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་རང་ལྗོངས་ཀྱི་ཞིབ་ཕྲའི་ལས་ཀའི་བྱ་ཐབས་ཞིབ་འཇུག་དང་བཟོ་རྒྱུར་དམ་འཛིན་བྱས་ནས། ལྟ་སྐུལ་མཐུན་སྦྱོར་གཞོགས་འདེགས་ཀྱི་ནང་དོན་དང་བྱེད་སྟངས་ཞིབ་ཕྲ་དང་ཁ་གསལ་བཟོ་བ་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ལྟ་སྐུལ་གྱི“ཅན་གསུམ”དང་རྩིས་བཤེར་ལྟ་སྐུལ་གྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཐོག་ནས་ལྟ་བ་དང་ཆབ་སྲིད་ཐོག་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”དམིགས་ཚད་ལས་འགན་ལ་དམིགས་ཏེ་སྤྱོད་ཚུལ་ནན་པོ་དང་ཏན་ཏིག་མེད་པ་དང་། འགན་འཁྲི་དོན་འཁྱོལ་ནུས་ལྡན་མེད་པ། དབང་བརྟེན་སྒེར་སྒྲུབ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་བྱས་ནས་རུལ་རྒོལ་ཟིང་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།