དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་སྒོ་བྱང་བཀལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་མཛད་སྒོར་ཞུགས་པ་མ་ཟད་སྒོ་བྱང་གི་ཡོལ་བ་ཡང་ཕྱེ་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་དེ་ནི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”འདུ་ཤེས་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱ་ཞིག་ཀྱང་རེད།

    ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བའི་སློབ་གསོའི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། “འཕྲོད་བསྟེན་ཆེན་པོ་དང་བདེ་ཐང་ཆེན་པོའི”འདུ་ཤེས་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་ལམ་སྲོལ་མཐུན་སྦྱོར་དང་། ནུས་པ་གཏན་འཁེལ་ཁ་གསལ། ཆེད་ལས་ཀྱི་ནུས་པ་ཆེར་གཏོང་བཅས་བྱས་ནས་འགོག་བཅོས་ཟུང་འབྲེལ་དང་སྤྱི་ཚོགས་ཡོངས་མཐུན་སྦྱོར་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། སྔོན་འགོག་དང་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ནས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་མ་ལག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ཤུགས་ཆེན་གཏོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།