དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་2023ལོའི་དུག་རྫས་ཡོངས་བསྒྲགས་ངང་གཅིག་གྱུར་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཧོ་མོན་དུ་ཉལ་ཐ་བསྲེགས་ནས་ལོ་164འཁོར་བར་དྲན་གསོ་བྱ་ཆེད། ཟླ་6ཚེས་3ཉིན་རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་2023ལོའི་དུག་རྫས་ཡོངས་བསྒྲགས་ངང་གཅིག་གྱུར་མེད་པར་བཟོ་བའི་བྱེད་སྒོ་སྤེལ་ཏེ། 2016ལོ་ཚུན་དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་རིང་གཞུང་བཞེས་བཏང་བའི་དུག་རྫས་སྣ་ཚོགས་དང་། དུག་བཟོ་བའི་དངོས་རྫས། དུག་རྫས་མ་མོའི་རྩི་ཤིང་སོགས་སྤྱི་རྒྱ་352གཅིག་གྱུར་མེད་པར་བཟོས་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་དུག་འགོག་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཀྲང་ཧུང་པོ་ཡིས་མི་རིགས་ཀྱི་དཔའ་བོ་ལིན་ཙེ་ཞུས་ཀྱིས་ཧོ་མོན་དུ་ཉལ་ཐ་གཅིག་གྱུར་བསྲེགས་ནས་ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་དང་ཁེ་ཕན་སྲུང་སྐྱོང་བྱས་ཡོད། དུག་འགོག་ལས་དོན་ལག་ལེན་ནན་པོ་བསྟར་བ་ནི་ཏང་དང་རྒྱལ་ཁབ་ཀྱི་སྔར་ནས་བཟུང་གི་ལངས་ཕྱོགས་དང་འདོད་ཚུལ་ཞིག་ཡིན་པས། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུག་འགོག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས་དུག་འགོག་ལས་དོན་ཡག་པོ་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ཏེ། དུག་འགོག་ལས་དོན་གཏིང་ཟབ་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། རིམ་ཁག་དུག་འགོག་སྡེ་ཚན་གྱིས་དུག་རྫས་ཐར་པར་གཏན་ནས་མི་གཏོང་བ་མཐའ་འཁྱོངས་ཀྱིས་དུག་རྫས་ཀྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས་ཞེས་གསུངས་པ་རེད།

    བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་། ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའུ་བཅས་ཀྱིས་ལྟ་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།