དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རེན་ཝེ་2023ལོའི་ལྗོངས་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་འགོ་ཚུགས་ མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-03

    ཟླ་5ཚེས་31ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་རྒྱལ་ཡོངས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོའི་འགོ་ཚུགས་མཛད་སྒོའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རེན་ཝེ་ཡིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ནམ་ཡང་ཚར་དུས་མེད་ཅིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དེ་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ལ་བརྩིས་ནས། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་དུ་གཏོང་བ། རྒྱུན་མཐུད་ཤུགས་སྣོན་རྒྱག་པ་དང་སྙིང་རུས་གཏན་འཁྱོངས། གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་བསམ་འདུན་ཆེན་པོ་དང་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ། ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་དང་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

    རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“གོང་བཀུར་གཉིས”ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ“དོ་དམ་གསུམ་དང་ངེས་པར་དུ་གསུམ”གྱི་བླང་བྱ་གཞིར་བཟུང་། ཕྱོགས་ཁག་གི་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་གྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། “བདེ་འཇགས་ཐོན་སྐྱེད་ཟླ་བའི”བྱེད་སྒོ་དང་ལས་འཛོལ་ཚབས་ཆེན་དང་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་2023ལོའི་བྱ་སྤྱོད་སོགས་གཙོ་གནད་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ནས། རྣམ་པ་སྣ་ཚོགས་དང་ཐོན་སྐྱེད་དང་འཚོ་བར་ཉེ་བཅར་གྱི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་ཚང་མས་འཕྲལ་སྡོམ་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། དྲིལ་བསྒྲགས་དང་གནས་ཚུལ་སྤེལ་ཤུགས་ཆེ་རུ་བཏང་ནས། དཔེ་མཚོན་གྱི་ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་དང་། གནད་དོན་གྱི་མངོན་མེད་རྐྱེན་ངན་དམར་རྗེན་དུ་འདོན་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་བདེ་འཇགས་ཐོན་སྐྱེད་མཉམ་སྐྲུན་མཉམ་བཅོས་ལ་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་སྔོན་འགོག་དང་ཉུང་གཏོང་གི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།