དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང“དྲུག་གཅིག”གི་བརྗོད་དོན་གཙོ་བོའི་རུ་ཁག་གི་ཉིན་མོའི་བྱེད་སྒོར་ཞུགས་པ་དང་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པར་ཐུགས་རེ་ཟབ་མོ་བཅོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-03

    ཟླ་6ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་ཕེབས་ནས“ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་རུ་མི་ཡག་པོ་ཞིག་བྱེད”ཅེས་པའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཕྲུ་གུ་ཚོ་དང་མཉམ་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་ཞུགས་མཛད་སྒོར་ཞུགས་པའི་གནས་ཚུལ་ཡིན་པ།

    ཟླ་6ཚེས་1ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་ཕེབས་ནས“ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱས་ནས་རུ་མི་ཡག་པོ་ཞིག་བྱེད”ཅེས་པའི་“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་གསར་པར་སྐེ་དར་གཡོག་བཞིན་པ།

    ● ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་ཆགས་པའི་བརྩོན་ལེན་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་ཕེབས་ནས“ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱས་ནས་རུ་མི་ཡག་པོ་ཞིག་བྱེད”ཅེས་པའི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་རུ་ཁག་ཉིན་མོའི་བྱེད་སྒོར་ཞུགས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་པ་དང་སྦྲགས། དཀའ་སྤྱད་ལས་བརྩོན་བྱེད་མཁན་རྒྱ་ཆེའི་དགེ་རྒན་དང་ལོ་ཆུང་བྱིས་པའི་ལས་དོན་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ། ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་བཅངས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཞིག་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ཕུར་བུ་དོན་གྲུབ། ཝང་ཅུན། ལྕགས་རྭ་·བློ་བཟང་བསྟན་འཛིན། མོང་ཞའོ་ལིན། ཏུའུ་ཅན་ཀུང་བཅས་ལྷན་དུ་ཕེབས་པ་རེད།

    སྔ་དྲོའི་ཆུ་ཚོད་10ཙམ་ལ། ཝང་ཅུན་ཀྲེང་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་ཕེབས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་སྒོ་འགྲམ་དུ་ཡོང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་གུས་འདུད་ཞུས་པ་དང་འབྲེལ་ཁོང་ལ་དམར་མདངས་བཀྲ་བའི་སྐེ་དར་དམར་པོ་བཅིངས་ཏེ་ཁོང་གི་ཕྱག་ནས་འཇུས་ཏེ་བྱེད་སྒོ་སྤེལ་ཡུལ་དུ་ཡོང་བ་རེད།

    ཐོག་སོ་དང་པོའི་ཚོམས་ཆེན་ནང་དུ“ང་ནི‘གདེང་ཚོད་བཞིའི’རུ་མི་བཟང་པོ་ཞིག་ཡིན”ཞེས་པའི་འགྲེམས་སྟོན་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། “ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི”འགྲེམས་ཁུལ་དུ་ཕྲུ་གུ་ཚོས་དཀྲོལ་བཞིན་པའི་སྒྲ་སྙན་གྱི་འགྱུར་ཁུག་སྙན་ཞིང་འཇེབས་པ་དང་། འགྲན་བསྡུར་ནང་གི་མིག་མངས་རྩེ་སྟངས་ངོ་མཚར་ཆེ་བ། ཡིག་གཟུགས་བརྩམས་ཆོས་མཛེས་ཉམས་དོད་པ་བཅས་ཡོད་པས་ཝང་ཅུན་ཀྲེང་གིས་ནན་ཏན་ངང་གཟིགས་ཞིབ་གནང་རྗེས་ཁོང་ཚོར་བསྔགས་བརྗོད་ཡང་ཡང་གནང་བ་རེད།

    “ང་ནི་ངལ་རྩོལ་བརྡར་པ་ཆུང་ཆུང་ཞིག་ཡིན”ཞེས་པའི་འགྲེམས་ཁུལ་དུ་ཕྲུ་གུ་ཚོས་ཐང་ཧུ་ལུ་བརྒྱུ་བ་དང་། ཆུ་མོག་བཟོ་བ། ལོ་སྒྲིལ་འབྲས་ཆན་བཟོ་བ། གད་སྙིགས་རིགས་དབྱེ་སོགས་ཀྱི་ངལ་རྩོལ་ལག་ལེན་རྩལ་ནུས་ངོམ་སྟོན་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་སྤྲོ་སེམས་འཁོལ་བའི་ངང་ཕྲུ་གུ་ཚོར་འཚམས་འདྲི་ཞུས་ནས་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་པ་མ་ཟད། ཕྲུ་གུ་ཚོར་ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་ཆགས་པ་དང་། ངལ་རྩོལ་གྱི་གོམས་གཤིས་འཇགས་པ། ངལ་རྩོལ་གྱི་རྩལ་ནུས་སྦྱོང་བརྡར་བཅས་བྱས་ནས་བདེ་ཐང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    “ང་ནི་ཚན་རིག་བརྡར་པ་ཆུང་ཆུང་ཞིག་ཡིན”ཞེས་པའི་འགྲེམས་ཁུལ་དུ་ཕྲུ་གུ་ཚོས་སྦྱངས་པའི་ཤེས་བྱ་སྤྱད་ནས་ཚན་རིག་ཚོད་ལྟ་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་སྤྲོ་སྣང་ཆེན་པོས་དེར་ཤེས་རྟོགས་གནང་བ་དང་འབྲེལ་ཚན་རིག་ཚོད་ལྟ་བྱས་ཚེ་ཕྲུ་གུ་ཚོའི་ཚན་རིག་གི་བསམ་བློ་དང་གསར་གཏོད་ཀྱི་བསམ་བློ་སྐྱེད་སྲིང་བྱ་རྒྱུར་ཕན་པ་ཡོད། ཚང་མས་ཤེས་བྱ་སྦྱོང་འདོད་ཀྱི་བློ་རྒྱུན་འཁྱོངས་དང་། འཚོལ་ཞིབ་ཀྱི་སྤྲོ་སྣང་རྒྱུན་འཁྱོངས། ཆུང་དུས་ནས་ཚན་རིག་ལ་དགའ་ཞེན་དང་། ཚན་རིག་སྦྱོང་བ། ཚན་རིག་བེད་སྤྱོད་བཅས་བྱས་ཏེ་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཚན་རིག་གི་ཕུགས་འདུན་སྐུལ་སློང་བྱས་ནས་མེས་རྒྱལ་གྱི་རྐང་འཛིན་མི་སྣར་འགྱུར་གང་ཐུབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    “ང་ནི་མཐའ་སྲུང་པ་ཆུང་ཆུང་ཞིག་ཡིན”ཞེས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་གསར་བརྗེའི་བཙལ་འཚོལ་རུ་འབྲིང་ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་སྤེན་སྒྲོན་གྱིས“གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ཕ་ཡུལ་གྱི་འགྱུར་ལྡོག་ཉམས་སུ་མྱོང”ཞེས་པའི་མཐའ་མཚམས་ཀྱི་ལོ་ཆུང་བྱིས་པའི་ཞིབ་སློབ་སྒར་སའི་བྱེད་སྒོར་ཞུགས་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱེད་བཞིན་ཡོད། ཝང་ཅུན་ཀྲེང་གིས་ཁྱེད་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དུས་རབས་ཀྱི་མི་གསར་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་རང་རེའི་ཀྲུང་ཧྭ་ལ་སྙིང་དབུས་ནས་དགའ་ཞེན་གྱིས་དུས་ཚོད་ལ་གཅེས་སྤྲས་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ཏེ་རྒྱལ་ཁབ་དང་། མི་དམངས། སྤྱི་ཚོགས་བཅས་ལ་ཕན་པའི་མི་ཞིག་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་ནང་ཞུགས་པ་ནི་ལོ་ཆུང་བྱིས་པའི་མི་ཚེར་དོན་སྙིང་གལ་ཆེན་ལྡན་པ་དང་མི་སེམས་འགུལ་བའི་དུས་སྐབས་ཤིག་རེད། “ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ནས་རུ་མི་ཡག་པོ་ཞིག་བྱེད་པའི”ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་གསར་པ་རུ་ཁག་ནང་ཞུགས་པའི་མཛད་སྒོ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཝང་ཅུན་ཀྲེང་ཕྲུ་གུ་ཚོའི་ཁྲོད་དུ་ཕེབས་ནས་ཁོང་ཚོ་དང་མཉམ་དུ་མཛད་སྒོར་ཞུགས་པ་རེད། ཝང་ཅུན་ཀྲེང་གིས་རང་ཉིད་ཀྱི་མཐའ་འཁོར་དུ་རུབ་ཡོང་བའི་སློབ་གྲོགས་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཚང་མ་གཟི་བརྗིད་ལྡན་པའི་ལོ་ཆུང་གདོང་ལེན་རུ་མིར་གྱུར་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས། ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་ལྟ་བུ་དང་མི་རིགས་ཀྱི་རེ་བ་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ལོ་ཆུང་བྱིས་པ་རྣམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། རྒྱུན་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོར་ཞུགས་ནས་ལོ་ཆུང་བྱིས་པ་རྣམས་ལ་འཕྲིན་ལན་ཐེངས་མང་སྤྲིངས་པ་མ་ཟད། ལོ་ཆུང་བྱིས་པ་རྣམས་ལ་ཐུགས་རེ་ཟབ་མོ་ཡང་བཅོལ་གནང་ཡོད། རྒྱ་ཆེའི་ལོ་ཆུང་བྱིས་པ་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་ཆུང་དུས་ནས་རྒྱང་རིང་གི་ཕུགས་བསམ་འཛུགས་པ་དང་འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་། སྔ་ས་ནས་ཕུགས་འདུན་གཏོད་པ་དང་ཕུགས་འདུན་ཆེན་པོ་གཏོད་པ། ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱུན་འཛིན་པར་འགྱུར་བར་འབད་བརྩོན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མ་འོངས་སྐྱེད་སྲིང་དང་མ་འོངས་གཏོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལོ་ཆུང་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་། ལོ་ཆུང་བྱིས་པའི་བྱ་གཞག་ལ་རྒྱབ་སྐྱོར། ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། རིམ་ཁག་སློབ་གྲྭ་དང་ལོ་ཆུང་བྱིས་པའི་སློབ་གསོའི་ལས་དོན་པས་ཏང་ལ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད་ཀྱིས་ལོ་ཆུང་བྱིས་པའི་ཁྱད་ཆོས་དང་འཚམ་པའི་སློབ་གསོའི་ཐབས་ལམ་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ། ལོ་ཆུང་བྱིས་པ་རྣམས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་དང་ལེན་བྱེད་སླ་བའི་བྱེད་ཐབས་ལ་བརྟེན་ནས་ཁོང་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་བརྒྱབ་ནས་ལོ་ཆུང་བྱིས་པ་དག“གདེང་ཚོད་བཞི”ལྡན་པའི་ཕྲུ་གུ་ཡག་པོ་དང་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ལ་དངོས་འབྲེལ་གསོ་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།