དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཀྲོང་ཡན།
  • ཀྲོང་ཡན་གྱིས་ནག་ཆུ་ཆབ་མདོ་ཉིང་ཁྲི་བཅས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ནག་ཆུ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་ཕེབས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་བརྟན་ལྷིང་གི་རྨང་གཞི་རེད། ཀྲོང་ཡན་གྱིས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་གསོ་སྐྱོང་རྟེན་གཞི་དང་། ཆབ་མདོ་གྲོང་ཁྱེར་ཡུས་ཁྲང་སློབ་གསོའི་ཚན་རྩལ་ཐོན་ལས་གླིང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བཅས་སུ་ཕེབས་ནས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་དང་། རིམ་ཁག་སྡེ་ཚན་ཁག་གིས་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཞུགས་བརྟན་པོ་ཡོང་བའི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གནད་སྨིན་དང་། ཞིབ་ཚགས། ལས་ཕྱོད་ཆེ་བ་བཅས་ཀྱིས་དོན་འཁྱོལ། ལས་ཞུགས་ཀྱི་ལས་གནས་བརྟན་པོ་དང་རྒྱ་ཆེར་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། སེམས་ནུས་ཡོད་རྒུས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པ། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་བྱེད་ཐབས་དང་། དཔེ་མཚོན་ཉམས་མྱོང་། སྔོན་ཐོན་བྱས་རྗེས་བཅས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་ཆེན་སློབ་མས་ཡང་དག་པའི་ལས་འདེམས་ལྟ་བ་དང་ལས་ཞུགས་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་སུ་གཞི་རིམ་ལས་བྱེད་པར་གཟིགས་པ་དང་འབྲེལ་བྱམས་བརྩེའི་འཚམས་འདྲི་གནང་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ལས་དོན་ལ་ས་གནས་ས་ཐོག་ཏུ་ཤེས་རྟོགས་གནང་བ་རེད། དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཁོང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་ལས་དོན་གལ་ཆེན་འདིར་དམ་འཛིན་ལྷོད་མེད་བྱས་ནས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཧུར་ཐག་གཏོད་དགོས་པ་དང་། མེ་ཏོག་རྫོང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གཏོད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་སྐྱེ་ཁམས་ལ་བརྟེན་ནས་མི་སེར་ལ་བདེ་རྩ་དངོས་སྐྲུན་དགོས།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བརྟན་ལྷིང་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་། “འཐབ་ས་དང་པོའི་ལས་དོན་སྒྲུབ་སྟངས”ལག་ལེན་བསྟར་བ། གཞི་རིམ་འཐབ་ས་དང་པོའི་ལག་བསྟར་བྱེད་ནུས་དང་དོན་འཁྱོལ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།