དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཝུའེ་ཏུང་།
  • ཝང་ཝུའེ་ཏུང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-31

    ཟླ་5ཚེས་24ནས་28ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་བརྟག་ཞིབ་གནང་བ་རེད།

    ཝང་ཝུའེ་ཏུང་བྲག་ཡིབ་ཆུས་དགུང་ཚང་གྲོང་ཚོའི་ཏང་ཀྲི་པུའུ་དང་། ཡར་མྱང་ལུང་གཞུང་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་ས་ཚིགས། ཞིང་ཞོར་ཐོན་རྫས་གྲང་ཕྲེང་སྡེབ་སྐྱེལ་ལྟེ་གནས། སྤྲེལ་རིའི་ནགས་ཚལ་མེ་ཟོན་གྱི་གཙོ་གནད་ས་ཁོངས་སོགས་སུ་ཕེབས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། མང་ཚོགས་ཀྱི་འབབ་འཕར། སྐྱེ་ཁམས་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། ནགས་ཚལ་མེ་ཟོན། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་བ་མ་ཟད། དུད་ཚང་དུ་ཕེབས་ནས་མང་ཚོགས་ཀྱི་ཡོང་འབབ་དང་། སློབ་ཞུགས་ལས་ཞུགས། སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཡང་ཤེས་རྟོགས་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་སྒྱུར་བཅོས་གསར་གཏོད་ཀྱི་འདུ་ཤེས་དང་སྔོན་གཏོད་ལེགས་བརྩོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་ལས་བྱེད་པར་གདེང་འཇོག ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་འབྱོར་ཕྱུག་སོགས་ཀྱི་ཐད་བྱ་ཐབས་ནུས་ལྡན་བཏོན་ནས་སྒྱུར་བཅོས་སྒོ་དབྱེ་སྔོན་བསྟར་ཁུལ་གྱི་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།