དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལྕགས་ར་བློ་བཟང་བསྟན་འཛིན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་2023ལོའི“ཐོན་རྫས་གཉིས་དང་ཡོ་ཆས་གཅིག”གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-30

    ཚེས་26ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་2023ལོའི“ཐོན་རྫས་གཉིས་དང་ཡོ་ཆས་གཅིག”གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ཚན་པ་ཁག་གི་དྲིལ་བསྒྲགས་དཔྱད་ཡིག་ལ་ཞིབ་ཕྲ་བལྟས་པ་དང་། ཚན་པ་ཁག་གིས“ཐོན་རྫས་གཉིས་དང་ཡོ་ཆས་གཅིག”(སྨན་རྫས་དང་། བྱུག་རྫས། སྨན་བཅོས་ཡོ་ཆས)གི་བདེ་འཇགས་ལམ་ལུགས་ཀྱི་གཏན་འབེབས་དོན་འཁྱོལ་བྱས་ཚུལ་སྐད་ཆ་ནན་ཏན་དྲིས་པ་དང་འབྲེལ། ལྟ་འདོམས་སྡེ་ཚན་ནས“ཐོན་རྫས་གཉིས་དང་ཡོ་ཆས་གཅིག”གི་ལྟ་འདོམས་དང་དེ་བཞིན་བོད་ཀྱི་སྨན་རྫས་ལྟ་སྐུལ་ཞིབ་བཤེར་སྲུང་དམག་གི་འགུལ་རིས་བརྩམས་ཆོས་འཚོལ་བསྡུ་དང་ཁྱབ་བསྒྲགས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། སྨན་རྫས་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས།“ནན་ཤོས་བཞིའི”བླང་བྱར་བརྩི་སྲུང་ཞུ་བ་དང་། མཐའ་ཚད་ཀྱི་བསམ་གཞི་མཐའ་འཁྱོངས། ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་སྨན་བེད་སྤྱོད་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་ལ་བརྟེན་ནས་སྨན་རྫས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། ལྟ་འདོམས་བྱེད་ཐབས་གསར་གཏོད་དང་། མཉམ་འཛིན་སྤྱི་སྒྲུབ་དང་མཉམ་དུ་ཤུགས་རྒྱག་པ། མཉམ་བཅོས་དང་། མཉམ་འདོམས། མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་རྣམ་པ་གསར་པ་གང་མགྱོགས་གཏོད་པ་བཅས་བྱས་ནས་སྨན་རྫས་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། སྤྱི་དམངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་ཚང་མས་དོ་ཁུར་བྱེད་པ་དང་མི་ཚང་མ་ཞུགས་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།