ཟླ་5ཚེས་22ཉིན་ནས་ཚེས་26ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས། གཞི་རིམ་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་གཞིས་རྩེ་དང་ལྷོ་ཁ་གྲོང་ཁྱེར་དུ་ཆེད་དོན་བརྟག་ཞིབ་གནང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་སྔར་བས་བསྡུ་སྒྲིལ་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་གམ་པ་རྫོང་སོགས་རྫོང(ཆུས)8དང་། སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་སོགས་ཤང(གྲོང་རྡལ)12 བསམ་གྲུབ་རྩེ་ཆུས་བཀྲ་ཤིས་སྐྱིད་ཚལ་སྡེ་ཁུལ་སོགས་གྲོང་ཚོ(སྡེ་ཁུལ)6ལ་ཕེབས་ནས་བརྟག་ཞིབ་ཏན་ཏིག་གནང་བ་རེད། ས་ཆ་ཞིག་ཏུ་སླེབས་རིམ་བཞིན་ཁོང་གིས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་གླེང་མོལ་གཏིང་ཟབ་བྱས་ནས་གཞི་རིམ་གྱི་སྲིད་ཁྲིམས་མི་སྣ་བཀོད་སྒྲིག་དང་འགན་འཁྲི་སྒྲུབ་ཚུལ་དང་གཞི་རིམ་བཅོས་སྐྱོང་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཕྱོགས་བསྡུས་བཅོས་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྱོང་བཀོལ་སྤྱོད་དང་མང་ཚོགས་ཀྱི་འགོག་སྲུང་དཔུང་ཁག་གི་མགྱོགས་མྱུར་བྱ་སྤྱོད་སྤེལ་བའི་འཇོན་ཐང་ཚད་ལེན་ཚོད་ལྟ་གནང་བ་རེད། ཁོང་གིས་གཞི་རིམ་སྲིད་ཁྲིམས་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཉིན་ལྟར་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་བྱེད་པ་དང་འབྲེལ་ཡོད་ཆ་འཕྲིན་གོང་ཞུ་བྱས་ཏེ་སྔོན་ཚུད་ནས་སྔོན་བརྡ་གཏོང་བ་དང་། རིགས་དབྱེ་ཐག་གཅོད། འོག་ནས་གོང་བར་ལམ་སྲོལ་ཆགས་པ། ཉེན་ཁ་དོ་དམ་ཚོད་འཛིན། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།