དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “མཛེས་པའི་བོད་ལྗོངས། དགའ་བའི་ཕ་ཡུལ”—— ལུའོ་ཉན་དབྱི་ཡི་བརྩམས་ཆོས་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་འཚོགས་པ།

    ཧུའུ་ཧོ་ཕིང་དང་ཡན་ཅིན་ཧའེ་ཡིས་འཁྲབ་སྟོན་ལ་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-27

    ཟླ་5ཚེས་24ཉིན་གྱི་དགོང་མོ། “མཛེས་པའི་བོད་ལྗོངས། དགའ་བའི་ཕ་ཡུལ”ཞེས་པའི་ལུའོ་ཉན་དབྱི་ཡི་བརྩམས་ཆོས་རོལ་དབྱངས་འདུ་ཚོགས་ཀྲུང་དབྱང་རོལ་དབྱངས་སློབ་གླིང་གི་གླུ་གར་རོལ་དབྱངས་ཚོམས་ཆེན་དུ་འཚོགས་པ་རེད།

    ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་དོན་གྱི་འགན་འཁུར་མཁན་པུའུ་ཀྲང་གཞོན་པ་དང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་བཅས་ཡིན་པའི་ཧུའུ་ཧོ་ཕིང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ལུའུ་དབྱིང་ཁྲོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ། ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།

    ལུའོ་ཉན་དབྱི་ཡིས་བོད་དུ་ལོ་50ཙམ་ལས་ཀ་བྱེད་རིང་། ཡུན་རིང་མང་ཚོགས་དང་འཚོ་བའི་ཁྲོད་ཟབ་འཇུག་བྱས་ཏེ་ས་ཁྱབ་རྡོ་ཁྱབ་ཀྱི་རོལ་དབྱངས་བརྩམས་ཆོས་གྲགས་ཅན་མང་པོ་བརྩམས་ཡོད་ལ། 

    མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། མེས་རྒྱལ་གྱི་མཐའ་སྲུང་སྲ་བརྟན། བོད་ཀྱི་རིག་གནས་འཕེལ་རྒྱས་བཅས་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད། ཚང་མས། རྒན་ལུའོ་ཉན་དབྱི་ཡི་བརྩམས་ཆོས་ལས་མི་རབས་མང་པོའི་སྒྱུ་རྩལ་ལས་དོན་པས་དུས་རབས་དང་མཉམ་དུ་སྐྱོད་པ་དང་མི་དམངས་ལ་བསྟོད་གླུ་བླངས་ཏེ། རོལ་དབྱངས་སྒྱུ་རྩལ་གྱི་ལམ་བུར་དོན་སྙིང་ཟབ་པ་དང་། སྒྱུ་རྩལ་གྱིས་ཕྱུག་པ། སྒྲིག་བཟོ་ཕུལ་དུ་བྱུང་བ་བཅས་ཀྱི་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་རྩོམ་པར་ལྕག་སྐུལ་ཡང་ཡང་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    “2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་ཞུགས་མཁན་ཀྲུང་ཕྱིའི་སྐུ་མགྲོན་དང་རིགས་གཅིག་མཁས་ཅན་ཁག་གཅིག་དང་། པེ་ཅིང་དུ་ཡོད་པའི་བོད་ཀྱི་རྒན་ཡོལ་ཞུས་པའི་འགོ་ཁྲིད་རྒན་གྲས། པེ་ཅིང་དུ་ཡོད་པའི་སྐབས་རིམ་བྱུང་གི་བོད་སྐྱོར་ལས་བྱེད་པའི་འཐུས་མི། པེ་ཅིང་དུ་ཡོད་པའི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པའི་འཐུས་མི་སོགས་མི་700ལྷག་ཙམ་གྱིས་འཁྲབ་སྟོན་ལ་བལྟས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།