དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས“གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང”ཞེས་པའི་བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-05-24

    8760052b-de25-43d6-9c45-76849209dcb6.jpg.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རྟེན་མཛོད་ཁང་དུ་ཕེབས་ནས“གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང”ཞེས་པའི་བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། འདི་ནི་ས་ཆ་དངོས་སུ་གཟིགས་སྐོར་གནང་བཞིན་པ།

    ● གསར་བརྗེའི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་གྱིས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས“གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང”ཞེས་པའི་བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། ཁོང་གིས་གསར་བརྗེའི་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ། གསར་བརྗེའི་སློབ་གསོའི་རྟེན་གཞིའི་ནུས་པ་འདོན་སྤེལ་བྱེད་པ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་མི་སྣ་ལྷན་དུ་གཟིགས་སྐོར་ལ་ཕེབས་པ་རེད།

    འགྲེམས་སྟོན་དེས་བོད་ཀྱི་གསར་བརྗེའི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་པ་དང་གསར་བརྗེའི་རིག་དངོས་འགྲེམས་སྟོན་ནང་དོན་གཙོ་བོར་བྱས་ཤིང་། “བདག་དབང་སྲུང་སྐྱོང་དང་བོད་དུ་དཔུང་སྐྱོད”དང་། “བོད་ལྗོངས་སྐྱོང་བ་དང་རྒྱལ་སྲུང་སྲ་བརྟན” “དམངས་གཙོའི་བཅོས་སྒྱུར་དང་རང་ཁྱིམ་རང་བདག”“བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ” “སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་ལོ་རྒྱུས་བློ་ལ་བརྟན་པོར་བཅངས་བ”བཅས་ནང་དོན་ལྔ་དང《ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་ངང་ཐུགས་ཁུར་ཟབ་བཞེས་གནང་བ། ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་གི་གནང་སྦྱིན་དང་ཞི་བས་བཅིངས་འགྲོལ་བཏང་ཚུན་ཀྲུང་དབྱང་གིས་བོད་ལྗོངས་ལ་བསྩལ་བའི་ཕྱག་རྟགས་ཀྱི་དམིགས་བསལ་འགྲེམས་སྟོན》བཅས་ལས་གྲུབ་ཡོད། ད་ཐེངས་གསར་བརྗེའི་རིག་དངོས་308དང་ཀྲུང་དབྱང་གིས་བསྩལ་བའི་ཕྱག་རྟགས་65འགྲེམས་སྟོན་བྱས་ཡོད་པ་དང་ཆབས་ཅིག མངའ་རིས་ཀྱི་སྔོན་སྐྱོད་ལན་དྲན་གསོ་ཁང་དང་། ཆབ་མདོའི་གསར་བརྗེའི་ལོ་རྒྱུས་རྟེན་མཛོད་ཁང་། སྤོ་བོའི་ཐོག་ཁང་དམར་པོ་སོགས་གསར་བརྗེའི་དྲན་གསོ་ཁང་དང་སྐབས་ཐོག་ཏུ་དྲ་སྦྲེལ་བྱེད་ཀྱི་ཡོད་པས་ཟུར་ཚད་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད།

    འགྲེམས་ཁང་ནང་ཞིབ་ཅིང་ཕྲ་བའི་ཡིག་ཚགས་རེ་རེ་དང་། པར་རིས་རེ་རེ། རྩ་ཆེའི་ལོ་རྒྱུས་དངོས་རྫས་རེ་རེ། གསོན་ཉམས་དོད་པའི་བརྙན་ཐུང་རེ་རེ་བཅས་ལས་ཚང་མའི་ཡིད་དབང་འཕྲོག་ཡོད། ཝང་ཅུན་ཀྲེང་གིས་འགྲེམས་དངོས་ཁག་ལ་ཞིབ་ཚགས་ངང་གཟིགས་པ་དང་། འགྲེལ་བཤད་ནན་ཏན་ངང་གསན་པ། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ། འགྲེམས་རྫས་ཀྱི་ལོ་རྒྱུས་གཏམ་རྒྱུད་ལ་ཕྱིར་དྲན་གནང་བ་རེད།

    ཝང་ཅུན་ཀྲེང་གིས། “གངས་ལྗོངས་ཀྱི་མཛད་རྗེས་རྡོ་རིང”ཞེས་པའི་བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན་ནང་ཀྲུང་གོའི་གསར་བརྗེའི་བོད་ཀྱི་ལེའུ་ཡི་རླབས་ཆེན་ལོ་རྒྱུས་ལམ་བུ་དང་མི་སེམས་འགུལ་བའི་མཛད་རྗེས་བཀོད་ཡོད་པས། དེ་ནི་ང་ཚོའི་རྩ་ཆེའི་རྒྱུ་ནོར་རེད་ལ། གསར་བརྗེའི་སྲོལ་རྒྱུན་དང་གསར་བརྗེའི་རིག་གནས་དར་སྤེལ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱེད་པའི་གསོན་ཉམས་དོད་པའི་བསླབ་གཞི་ཡང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས་གསར་བརྗེའི་རིག་གནས་དར་སྤེལ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སོགས་ཀྱི་ཐད་གསར་བརྗེའི་རིག་དངོས་ཀྱིས་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་འཕེལ་བར་བྱེད་དགོས། གསར་བརྗེའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་དང་། གསར་བརྗེའི་རིག་དངོས་ཀྱི་བསམ་བློའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན། གསར་བརྗེའི་རིག་དངོས་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་གསར་བརྗེའི་རིག་དངོས་ཀྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དེ་བས་ལེགས་པའི་སྒོ་ནས་མི་སེམས་ལ་ཟུག་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་སྔར་བས་ཆེ་རུ་གཏོང་དགོས། ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱས་ཏེ་མཉམ་སྦྲེལ་དྲ་རྒྱ་དང་གྲངས་འཛིན་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་ནས་གསར་བརྗེའི་རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་དང་། གསར་བརྗེའི་རིག་དངོས་མངོན་སུམ་ཅན་དང་གསོན་ཉམས་ཅན་དུ་འགྱུར་བ། གསར་བརྗེའི་རིག་དངོས་འགྲེམས་སྟོན་གྱི་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། ཞིང་འབྲོག་ཁུལ། སློབ་གྲྭ སྡེ་ཁུལ། དགོན་སྡེ། དམག་སྒར་བཅས་སུ་སྤེལ་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་གསར་བརྗེའི་གཏམ་རྒྱུད་ཉན་དུ་འཇུག་པ་དང་གསར་བརྗེའི་སྙིང་སྟོབས་ཀྱི་སྦྱོང་བརྡར་སྤྲོས་པ། དཔའ་ངར་ཆེར་སྐྱེད་དང་དུས་རབས་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཕོད་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།