ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
ཚེས་24ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་འབྲེལ། སྲིད་ཁྲིམས་ལས་དོན་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱང་ལམ་གསར་པར་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྲང་ཧུང་པོ་དང་། ཚེ་བརྟན། ཤཱ་ཁེ་ཆིན། ལིན་ཧའེ་ཕིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ནི་ཏང་སེམས་ཕྱོགས་ས་དང་། དམངས་ཀྱི་རེ་འདུན། ཀུན་གྱིས་རེ་བ་བཅོལ་ས་བཅས་ཡིན་པས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྲོག་ཤིང་དང་། མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཀྱི་གནས་བབ་ལ་སྣེ་ཁྲིད་དེ་སྲུང་སྐྱོང་བྱས་ཏེ་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས་བྱེད་དགོས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི“དོན་ཚན་ཁག་ཉི་ཤུ”དམ་འཛིན་བྱ་གཞིར་བྱས་ཏེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་ཏན་ཏིག་གཏོང་དགོས། སྔོན་འགོག་ལ་བརྟེན་ནས་ཕར་རྒོལ་བྱེད་པའི་བརྟན་ལྷིང་སྲུང་སྐྱོང་གི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། “7+1”གི་བརྟན་ལྷིང་སྲུང་སྐྱོང་བྱེད་སྟངས་གཏིང་ཟབ་ཏུ་ཤུགས་ཆེན་གཏོང་བ། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།