དབུ་ཤོག>སྲིད་དོན།
  • ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2022ལོའི་ལོ་འཁོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2023ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-27

    4773242_huangzy_1679846400000_s.jpg

    ཟླ་3ཚེས་25ཉིན་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2022ལོའི་ལོ་འཁོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2023ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བཞིན་པ།

    4773239_huangzy_1679846400000_s.jpg

    ཟླ་3ཚེས་25ཉིན་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2022ལོའི་ལོ་འཁོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2023ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བཞིན་པ།

    ཚེས་25ཉིན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2022ལོའི་ལོ་འཁོར་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་2023ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཉམས་མྱོང་ཕྱོགས་སྡོམ་དང་། གྲུབ་འབྲས་སྲ་བརྟན། འགན་འཁྲི་ཆེར་གཏོང་། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་འཛུགས་གཏོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲོང་ཡན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ཁྲེན་ཡུང་ཆི་དང་། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད། ཀྲུའུ་ཞི་སྡིངས་ཆར་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་དམིགས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་བ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་པ། བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་དང་། མ་ལག་གི་ལྟ་བ་ཟབ་ཏུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། དཀའ་སྤྱད་ལས་སྒྲུབ་བྱེད་པ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བར་ཕན་འབྲས་གསར་པ་ཐོན་པར་བྱེད་དགོས།

    བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་ཡག་པོ་བསྟར་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བྱ་སྤྱོད་དངོས་ལ་བརྩི་བ་དང་། སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ལ་བརྩིས་ཏེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པར་ཁྲིད་སྟོན་བྱེད་དགོས།

    འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་བཙུགས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་སྤྲོད་དགོས་པ་དང་། འཆར་འགོད་དང་། མཛུབ་ཁྲིད། ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་ནས་ལོ་འཁོར་གྱི་སྔོ་འགྱུར་ལས་འགན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་ཏེ་ནགས་བཟོ་སྔོ་འགྱུར་གྱི་སྤུས་འབོར་གཉིས་ཀ་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས་པ། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་སྤེལ་བཅས་མཐའ་འཁྱོངས་བྱས་ཏེ་ཁྱོན་ཡོངས་ཀྱི་ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་ནས་ཡུག་གཅིག་ཏུ་ནགས་བཟོ་བྱས་པ་དེ་གསོན་ཐུབ་པ་དང་ནགས་ཚལ་དུ་འགྱུར་བ་བྱེད་དགོས།

    ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆོས་ཉིད་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། ཚན་རིག་དང་མཐུན་པའི་སྔོ་འགྱུར་ལ་ཤུགས་སྣོན་བརྒྱབ་སྟེ་སྔོ་འགྱུར་འཚམ་ན་སྔོ་འགྱུར་དང་། ཤིང་འཚམ་ན་ཤིང་འདེབས་པ། ཆུ་འདྲེན་ཐུབ་ན་ཆུ་གཏོང་བ། རྩྭ་འཚམ་ན་རྩྭ་འདེབས་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། རྩི་ཤིང་གི་སྣ་མང་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་གླ་ཚེར་དང་གསོམ་སྡོང་སོགས་གསོན་ཚད་མཐོ་བའི་ཡུལ་ཤིང་འདེམས་དགོས་ལ་ཡུལ་བབ་དང་བསྟུན་ནས་གྲུབ་ཆ་ལེགས་སུའང་གཏོང་དགོས་པ། བདག་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་དང་ནགས་བཟོའི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་སྔོ་འགྱུར་དང་སྒོ་ར་མཛེས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

    མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་སྐྱེ་ཁམས་བར་མཐོངས་རྒྱ་ཆེར་གཏོང་བ། གྲོང་མིའི་འཚོ་བའི་བར་མཐོངས་མཛེས་སུ་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས་པ་དང་། ལྗང་མདོག་དམངས་ཕྱུག་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་མང་ཚོགས་ཤིང་འཛུགས་ནགས་བཟོར་ཞུགས་རྒྱུར་སྐུལ་སློང་དང་སྒྲིག་འཛུགས་ཧུར་ཐག་བྱེད་པ། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ནགས་ལས་ཀྱི་ཕན་འབྲས་ཆེར་གཏོང་དང་། ཞིང་པར་འབབ་འཕར་ཡོང་བ། གྲོང་གསེབ་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་པ། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་ལྗང་མདོག་གི་འཚོ་བའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཡ་རབས་སྐྱོན་བྲལ་གྱི་འཚོ་བའི་གོམས་གཤིས་འཇགས་པར་བྱེད་དགོས།

    སྤྱི་འདོམས་མཐུན་སྦྱོར་མཐའ་འཁྱོངས་བྱས་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ“གཙང་པོ་གཉིས་དང་ཆུ་བོ་བཞིའི”འབབ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་གཙང་གསུམ་ཆུ་འགོའི་ཐང་པེ་ཡུག་ཁུལ་དང་། བྱང་ཐང་། ཇོ་མོ་གླང་མ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་ཆུ་འགོ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གལ་ཆེན་གྱི་འབབ་རྒྱུད། འདམ་ར། རང་བྱུང་ནགས་ཚལ། རང་བྱུང་རྩྭ་ཐང་། དེ་བཞིན་སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ནམ་མཁའ་གཡའ་དག་པ་དང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལས་དོན་གྱི་འགན་འཁྲི་ནན་དུ་བཏང་ནས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱས་ཏེ་བསམ་ཕྱོགས་གསར་པ་གྲུབ་པ་དང་། བྱ་ཐབས་གསར་པ་འདོན་པ། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ནས་ལས་འགན་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་པ་ཁག་གི་ནོར་སྲིད་ཀྱིས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་མང་པོའི་མ་རྩ་འཇོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་སྡོང་ཕྲུག་གསོན་ཚད་དེ་སྔོ་འགྱུར་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་དང་དངོས་འཛིན་དངོས་སྒྲུབ་བྱེད་པར་ལྕག་སྐུལ་བྱེད་དགོས། ལས་གྲྭ་འཛུགས་སྐྲུན་གྱི་དོ་དམ་ལ་ཤུགས་སྣོན་དང་རྣམ་གྲངས་ཀྱི་ལྟ་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་དེ་ཞིབ་བཤེར་ཐུབ་པའི་བདེ་འཇགས་ལས་གྲྭ་དང་བློས་འགེལ་ཆོག་པའི་ལས་གྲྭ་ཞིག་ཏུ་སྐྲུན་གང་ཐུབ་བྱེད་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོན་ཐོན་དཔེ་མཚོན་ཁྱབ་གདལ་བཏང་སྟེ། མི་ཚང་མས་སེམས་ཁུར་དང་། མི་ཚང་མས་རྒྱབ་སྐྱོར། མི་ཚང་མ་ཞུགས་པ་བཅས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྣམ་པ་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།