ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ།
ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2015ལོའི་ཟླ་10ཚེས་26ཉིན་ནས་ཚེས་29ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ནང་བཏོན་དོན། མི་འབོར་་སྙོམས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། འཆར་ལྡན་བུ་བཙའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་ད་པ། མི་འབོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་བ། བཟའ་ཚོ་གཅིག་གིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་སྒོ་ཀུན་ནས་ལག་ལེན་བསྟར་བ། མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ཧུར་ཐག་སྤེལ་དགོས།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།
2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གནང་སྐབས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས་ཞེས་བསྟན་གནང་བ་དང་། མི་འབོར་དབུལ་པོ་དང་ས་ཁུལ་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་པར་བྱེད་པ་ནི་ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་དམ་བཅའ་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། དབུལ་སྐྱོར་གནད་འཁེལ་དང་དབུལ་སྒྲོལ་གནད་འཁེལ་མཐའ་འཁྱོངས་དང་། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་གཙོ་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་མཐའ་འཁྱོངས། ཏང་སྲིད་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བའི་འགན་འཁྲིའི་ལམ་ལུགས་ཇེ་ཆེར་གཏོང་བ། དབུལ་སྐྱོར་ཆེན་མོའི་གནས་སྟངས་མཐའ་འཁྱོངས། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་ཟུང་འབྲེལ་གལ་ཆེར་འཛིན་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་གཏིང་ཟབ་སྤེལ་བ། ཧ་ཅང་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་གྱི་ལས་འགན་གཙོ་གནད་དུ་བཟུང་ནས་འགག་སྒྲོལ་བཅས་བྱས་ཏེ། 2020ལོར་སླེབས་དུས་རང་རྒྱལ་གྱི་ད་ལྟའི་ཚད་གཞིའི་ཐོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བའི་འགན་ལེན་བྱས་ཏེ། རྫོང་དབུལ་པོ་ཡོངས་རྫོགས་ཀྱི་དབུལ་ཞྭ་འབུད་པ་དང་། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཡོངས་རྫོགས་གཙང་སེལ་བྱས་ཏེ། དབུལ་སྒྲོལ་ངོ་མ་དང་། དངོས་འབྲེལ་དབུལ་སྒྲོལ་ཐུབ་པར་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས།
2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པར་སྙན་སྒྲོན་གནང་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་དཔལ་ཡོན་རྒྱས་པའི་ལོ་རྒྱུས་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བྱུང་བ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་གསུམ་བྱེད་རིང་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཏོད་པ་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེ་སྟར་རིང་རྩ་བ་ཚུགས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ནི། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་། དེང་རབས་ཀྱི་ཀྲུང་གོའི་དོན་དངོས་ལ་རྩ་བ་འཛུགས་པ། ད་ལྟའི་དུས་རབས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བཅས་བྱས་ཏེ། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་གང་ཞིག མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་འདི་རེད། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས། གསར་སྐྲུན་གྱི་རང་བཞིན་ལྡན་པའི་སྤོ་སྒྱུར་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ།
2017ལོའི་ཟླ་10ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པར་སྙན་སྒྲོན་གནང་སྐབས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་སྤེལ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་མི་དམངས་ཀྱི་རིག་རྩལ་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཚོ་བར་ཟབ་ཞུགས་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ནས་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་གསར་རྩོམ་བྱེད་དགོས། རིག་རྩལ་གསར་རྩོམ་དར་རྒྱས་གཏོང་དགོས་ན། བསམ་བློ་གཏིང་ཟབ་ཅིང་སྒྱུ་རྩལ་རྩེར་སོན། བཟོ་སྐྲུན་སྤུས་དག་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་མཐའ་འཁྱོངས་བྱས་ཏེ། དངོས་ཡོད་བརྗོད་གཞི་གསར་རྩོམ་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་དང་མེས་རྒྱལ་ལ་བསྟོད་པ་དང་། མི་དམངས་དང་དཔའ་བོར་བསྟོད་པའི་བརྩམས་ཆོས་ཕུལ་བྱུང་རྒྱུན་ཆད་མེད་པར་འདོན་དགོས། རིག་གཞུང་དམངས་གཙོ་དང་སྒྱུ་རྩལ་དམངས་གཙོ་དར་སྤེལ་བཏང་སྟེ། རིག་རྩལ་གསར་རྩོམ་གྱི་ནུས་པ་ཆེ་རུ་བཏང་སྟེ་རིག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་དང་བརྩམས་ཆོས་འགན་འཁྲི་གསུམ་ལ་དོ་སྣང་དང་དར་སྤེལ་བཏང་ནས། མ་རབས་དང་། ཐ་མལ་བ། སྤྲེལ་ལད་བཅས་བཀག་འགོག་བྱེད་དགོས། རིག་རྩལ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱོད་རྩལ་གཉིས་ལྡན་གྱི་མཁས་དབང་གྲགས་ཅན་འབོར་ཆེན་ཞིག་སྐྱེད་སྲིང་དང་། ཆུ་ཚད་མཐོ་བའི་གསར་རྩོམ་མི་སྣ་ཁག་གཅིག་གསོ་སྐྱོང་བྱེད་དགོས།