དབུ་ཤོག>སྲིད་དོན།
  • ལའེ་ཅའོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-23

    ཟླ་3ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཚོགས་འདུ་འཚོགས་ནས་དུས་རབས་གསར་པར་ཤེས་ལྡན་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་འབྲེལ། ཤེས་ལྡན་པའི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་ནས་སྲིད་ཇུས་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་ཞིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ལའེ་ཅའོ་ཡིས་དམིགས་ཚད་བཟོ་བ་དང་། ཚད་གཞི་དང་བསྡུར་བ། ཚད་གཞི་ལོན་པ་བཅས“དམིགས་ཚད་གསུམ”གྱི་ལས་ཀ་བྱེད་སྟངས་ཡག་པོ་སྤྱད་དེ་བསམ་གཞིག་གི་འཁོར་རྒྱ་དང་ཐབས་ལམ་ཁོ་ནར་བརྟེན་པ་ལས་བརྒལ་ནས་དུས་རབས་གསར་པར་བོད་ཀྱི་ཤེས་ལྡན་པའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་ཤེས་ལྡན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།