དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་བོད་ཀྱི་དྲ་རྒྱའི་བརྙན་རིས་དུས་ཆེན་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-23

    ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་བོད་ཀྱི་དྲ་རྒྱའི་བརྙན་རིས་དུས་ཆེན་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། དྲ་རྒྱའི་བརྙན་རིས་ཁྱབ་སྤེལ་གཏོང་བ་ནི་ལག་རྩལ་གསར་བརྗེ་ཞིག་ཡིན་ལ། རིག་གནས་གསར་གཏོད་ཤིག་ཀྱང་ཡིན་པས། ངེས་པར་དུ་དེ་བས་སྒོ་དབྱེ་དང་། ཁོང་ཡངས། ཡིད་ཆེས་བཅས་ཀྱི་རྣམ་འགྱུར་ཐོག་ནས་ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་པ་དང་། དེ་ཉིད་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གཏོང་བ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་གཏོང་བའི་གཞི་རྟེན་དང་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས་པ་དང་། དྲ་རྒྱའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་དྲ་རྒྱའི་ཤེས་དཔལ་དར་སྤེལ་བཏང་ནས། སྤུས་ཚད་མཐོ་བའི་ཕུལ་བྱུང་གི་བརྙན་རིས་རིག་གནས་ཁྱབ་སྤེལ་གཏོང་བ་དང་། ཡང་དག་པའི་དྲ་རྒྱའི་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱེད་པ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པ་གཏོད་པ་བཅས་བརྒྱུད་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་པ། བོད་ཀྱི་དྲ་རྒྱའི་བརྙན་རིས་དུས་ཆེན་དེ་དྲ་རྒྱའི་བརྙན་རིས་དགའ་མོས་པ་དང་གསར་གཏོད་པ་ཚོའི་འཇོན་ཐང་ངོམ་ས་དང་སྤེལ་རེས་སློབ་སྦྱོང་བྱེད་ས་ཞིག་དང་། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་བོད་ཀྱི་གསུང་སྒྲ་ཁྱབ་སྤེལ་གཏོང་སའི་གར་སྟེགས་ཤིག་ཏུ་བཏོད་དེ། མི་དེ་བས་མང་བས་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་ཐུབ་པ་བྱས་ནས་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།