དབུ་ཤོག>སྲིད་དོན།
  • ལིའུ་ཅང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟ་དང་རྩིས་ལེན་ལས་དོན་བཀོད་སྒྲིག་གི་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-23

    ཚེས་21ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟ་དང་རྩིས་ལེན་ལས་དོན་གྱི་བཀོད་སྒྲིག་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟ་ཚད་ལོན་གྲོང་ཁྱེར་འཛུགས་གཏོད་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས་ནན་བཤད་གནང་དོན། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ལས་དོན་ལ་རྩིས་ལེན་བྱས་པ་དེས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“བདེ་འཇགས་ཀྱི་བཀོད་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་འགན་ལེན་བྱེད་པའི”བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། རང་རྟོགས་ངང་རྩིས་ལེན་དང་ལེན་ཞུས་ཏེ་གྲུབ་འབྲས་བཟང་པོ་ཐོབ་པའི་འགན་ལེན་བྱེད་དགོས། ཞིབ་བསྡུར་སྐྱོན་བཤེར་ནན་ཏན་བྱེད་པ་དང་ཁྱད་ལྡན་དང་བཀྲག་མདངས་འཚེར་ས་ཡག་པོ་བཏོད་དེ“ཞན་ཆ”སེལ་བ་དང་། “ལེགས་ཆ”སྤེལ་བ། “རྨང་གཞི”བརྟན་དུ་གཏོང་བ་བཅས་བྱེད་དགོས། རྩིས་ལེན་གྱི་གྲ་སྒྲིག་ཡག་པོ་བྱེད་པ་དང་གྲུབ་འབྲས་ཐོབ་པ་རྣམས་གསེད་བཀྲོལ་ནན་ཏན་བྱས་ནས་ཚད་ལྡན་གཅིག་གྱུར་གྱི་རྩིས་ཁྲ་བཟོ་དགོས། གཅིག་གྱུར་རྩིས་ལེན་གྱི་ཚད་གཞི་བཟོ་བ་དང་ཕྱོགས་ཡོངས་ནས་ཚོད་སྐོར་རྩིས་ལེན་བྱས་ཏེ་ཀྲུང་དབྱང་ལ་བསྐྱར་ཞིབ་བྱེད་པར་དུས་ཐོག་ཏུ་འབུལ་དགོས། འབྲེལ་མཐུད་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་ཡོད་གྲངས་གཞིར་ཞིབ་བཤེར་ཆོག་མཆན་སྤྲོད་པ། ཚོད་ལྟའི་ཕན་འབྲས་ཕྱོགས་ཡོངས་ནས་གསལ་ཞུ་བཅས་བྱས་ཏེ་དུས་ཐེངས་དང་པོའི་ཚོད་ལྟ་བྱ་ཡུལ་ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་བདེ་བླག་ངང་རྩིས་ལེན་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།